མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རིམ་པའི་མི་དམངས་ཚོགས་པས2014ལོའི་ལོ་ཕྱེད་ཀྱི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་རིམ་པའི་མི་དམངས་ཚོགས་པས2014ལོའི་ལོ་ཕྱེད་ཀྱི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་དང་། ལོ་སྟོད་ཀྱི་བྱ་བར་སྤྱི་སྡོམ། ལོ་སྨད་ཀྱི་བྱ་བར་བཀོད་སྒྲིག་དང་སྐུལ་སྤེལ་བཅས་བྱས་པ་མ་ཟད། ཕན་ཚུན་བར་སློབ་སྦྱོང་དང་བསམ་འཆར་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། མཉམ་དུ“གཞི་གསུམ”འཛུགས་སྐྲུན་བྱ་བར་ཤུགས་བསྣན་ཏེ། མི་དམངས་ཚོགས་པ་དང་ལས་བྱེད་པའི་སྡེ་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་པར་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། ལོ་ཧྲིལ་བོའི་འོས་འགན་དུས་ལྟར་ཡོངས་འགྲུབ་བྱེད་པར་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་བསྟན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འདི་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཚོགས་པས་ལས་གཞི་གཙོ་བོ་དང་ཞབས་ཞུའི་གནས་བབ་ལ་དམིགས་ནས། གཞི་རིམ་མི་དམངས་ཚོགས་པའི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གཞི་རིམ་མི་དམངས་མང་ཚོགས་ཐུན་མོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་སྲོལ་འཛིན་སྐྱོང་དང་ཁྲིམས་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོབ་བྱེད་པའི་ལས་སྒོའི་སྟེང་དུ་ཐོད་བརྒལ་གསར་བ་བྱུང་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ས་ཁུལ་གསར་འཛུགས་བྱ་བར་འཕེལ་རྒྱས་གསར་བ་བྱུང་ཡོད། རང་སྟེང་གི་མི་འདང་ས་ཁ་གསབ་དང་བླ་མེད་ཀུན་སྤྱོད་འཛུགས་པར་འབད་འབུངས་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་བྱ་བ་དམ་འཛིན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྣང་བརྙན་འབུར་ཐོན་མངོན་ཡོད་ཟེར།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། མི་དམངས་མང་ཚོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་བསྟར་བྱེད་མཁན་ཡིན་པས། རང་དཔེ་གཞན་སྟོན་དང་ཀུན་སྤྱོད་མཐོར་འདེགས་ལ་ཤུགས་བསྣན་ནས། མཚོ་སྔོན་མཐོ་སྒང་གི་གཞི་རུ་བྱེད་ནུས་མི་དམན་པ་འདོན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་ཕན་སེམས་ཀྱི་འབྲས་བུ་མཐོ་སྒང་གི་གྲུ་ཟུར་རེ་རེར་གཏོར་ཏེ། མི་དམངས་མང་ཚོགས་ཀྱིས་བལྟས་ན་མཐོང་ཐུབ་པ་དང་ཉན་ན་འདང་ཕོག་པའི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་དངོས་འབེབས་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག