མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས་བཟོ་སྐྲུན་ཡོངས་འགྲུབ་བྱས་པར་ཞིབ་བཤེར་རྩིས་ལེན་ཐོབ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་ནས་ཚེས་སུམ་ཅུ་ཉིན་བར། མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གྱིས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཡུས་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་དུ་སོང་ནས། ཡུས་ཧྲུའུ་ས་འགུལ་གྱི་གནོད་འཚེ་ཐེབས་ས་ཁྲ་འགུ་སྡེ་བ་དང་། སྐྱེ་རྒུ་དགོན་པ་སོགས་ཉེན་ཁ་ཆེ་བའི་ལ་ངོས་བཞིའི་འགོག་བཅོས་བཟོ་སྐྲུན་ཡོངས་འགྲུབ་བྱས་པར་ཞིབ་བཤེར་ཚད་ལེན་བྱས།

འགོག་བཅོས་བཟོ་སྐྲུན་དེ་ནི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བདུན་པར་མགོ་བརྩམས་པ་དང་། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བརྒྱད་པར་ཡོངས་འགྲུབ་བྱས། ལོ་གཅིག་གི་ཞིབ་བཤེར་བརྒྱུད་དེ། འགོག་བཅོས་བཟོ་སྐྲུན་གྱི་འཁོར་སྐྱོད་རྒྱུན་ལྡན་ཡིན་ལ། འདོན་འོས་པའི་ནུས་པ་བཏོན་ཡོད། ཞིབ་བཤེར་ཚད་ལེན་བྱས་རྗེས། མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་གྱིས་ཉེན་ཁ་ཆེ་བའི་ལ་ངོས་བཞི་དང་འདམ་ཟེགས་ལུང་བ་བཅོ་བརྒྱད་ཀྱི་འགོག་བཅོས་བཟོ་སྐྲུན་གྱི་འབྲེལ་ཡོད་རྒྱུ་ཆ་ཡུས་ཧྲུའུ་གྲོང་ཁྱེར་རྒྱལ་ཁོངས་ཐོན་ཁུངས་ཅུའུ་ལ་སྟེར་རྒྱུ་ཡིན་ལ། དེ་དང་བསྟུན་ནས་སྤྱིའི་གྲོན་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་དང་ས་ཡ་དགུ་བཏང་བའི་ཡུས་ཧྲུའུ་ས་འགུལ་གནོད་ཐེབས་ས་ཁུལ་གྱི་ས་གཤིས་གནོད་འཚེའི་འགོག་བཅོས་བཟོ་སྐྲུན་རྣམས་བདེ་བླག་དང་ཡོངས་འགྲུབ་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག