མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་འགྲིམ་འགྲུལ་བྱ་བའི་ཡུལ་དངོས་ཚོགས་འདུ་མཚོ་ལྷོ་ཁུལ་དུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་འགྲིམ་འགྲུལ་བྱ་བའི་ཡུལ་དངོས་ཚོགས་འདུ་ཟླ་བརྒྱད་པའི་ཚེས་གཅིག་ཉིན་མཚོ་ལྷོ་ཁུལ་དུ་བསྡུས།

ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་འགྲིམ་འགྲུལ་བྱ་བར་གྲུབ་འབྲས་མི་དམན་པ་ཐོབ། ཉིས་སྟོང་བཅུ་གསུམ་ལོའི་ལོ་སྨད་དུ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་ལྔ་སྟོང་དྲུག་བཞི་བརྒྱ་ལྷག་ལ་བུད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྤྱིའི་གཞུང་ལམ་ལམ་ཐག་ཁྲོད་བརྒྱ་ཆའི་གྱ་བཞི་ལྷག་ཟིན་ལ། ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་བཞི་བརྒྱ་ཉི་ཤུར་ཨར་འདམ་གྱི་ལམ་ལས་ཚད་བརྒྱ་ཆའི་གོ་ལྔ་ལྷག་ལ་བསླེབས། སྲིད་འཛིན་གྲོང་ཚོ་སྟོང་བཞི་དང་བརྒྱ་དང་བཅུ་བདུན་ལ་ཨར་འདམ་གྱི་ལམ་ལས་ཚད་བརྒྱ་ཆའི་དོན་བརྒྱད་ལྷག་ལ་བསླེབས། རྫོང་རིམ་པའི་ཡན་གྱི་འགྲུལ་སྐྱེལ་ས་ཚིགས་ང་གཅིག་འཛུགས་སྐྲུན་བྱས་ལ། ཞང་དང་གྲོང་རྡལ་རིམ་པའི་འགྲུལ་སྐྱེལ་ས་ཚིགས་ཉིས་བརྒྱ་ཉེར་བཞི་འཛུགས་སྐྲུན་བྱས།

ཚོགས་ཐོག་ཏུ་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཞིང་སྡེའི་འགྲིམ་འགྲུལ་འཛུགས་སྐྲུན་འཆར་གཞི་ཡོངས་འགྲུབ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས་མི་འགྱང་པར་ཚན་རིག་གི་འཆར་གཞི་ལྟར་ལྟ་སྐུལ་དོ་དམ་འཐུས་ཚང་དུ་བཏང་ནས་ཞིང་སྡེའི་རྨང་གཞིའི་འཛུགས་སྐྲུན་ལ་དམིགས་བསལ་གྱིས་རོགས་སྐྱོར་བྱས་ཏེ། གྲོང་ཁྱེར་དང་ཞིང་སྡེའི་ཁྱད་པར་ཇེ་ཆུང་དང་། གྲོང་ཁྱེར་དང་ཞིང་སྡེའི་ཞབས་ཞུ་མགྱོགས་མྱུར་སྒོས་དོ་མཉམ་ཅན་དུ་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག