མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ལིན་ཅོན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་པ་པོ་གྲོང་རྡལ་གྱི་དམངས་གཙོ་འཚོ་བའི་གྲོས་ཚོགས་སུ་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་ལིན་ཅོན་ཆི་ལེན་རྫོང་པ་པོ་གྲོང་རྡལ་པེ་དབྱང་གུག་སྡེ་བར་སོང་ནས་གྲོང་རྡལ་ཏང་ཨུའི་མགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་སུ་ཞུགས་པ་མ་ཟད་བྱ་བར་མཛུབ་སྟོན་བྱས། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་མཛུབ་སྟོན་ཚན་ཆུང་དང་ཁུལ་དང་རྫོང་ཏང་ཨུའི་ཚན་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།

ཝང་ལིན་ཅོན་གྱིས་བསྟན་དོན། བྱ་བ་ཡོད་ཚད་ཀྱི་ཐོག་མཐའ་བར་གསུམ་དུ་གཟབ་ནན་བྱས་ནས་གཞི་རིམ་གྱི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་རྩ་འཛུགས་འཚོ་བའི་གྲོས་ཚོགས་ནན་ཏན་སྒོས་བསྡུ་དགོས། དེ་ནི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་གཟབ་ནན་གྱིས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་དུས་རབས་ཀྱི་དགོས་མཁོའི་གཏན་འཁེལ་བྱས་པ་ཡིན་ལ། གཞི་རིམ་དེ་ཏང་གི་སྲིད་སྐྱོང་རྨང་གཞི་ཡིན་པའི་སྟེང་ནས་གཏན་འཁེལ་བྱས་པ་ཡིན་ཟེར།

ཝང་ལིན་ཅོན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་ཞུགས་པའི་གཞི་རིམ་ཏང་རྩ་འཛུགས་ཁྲོད་དུ། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཀྱིས་བརྒྱ་ཆའི་ཞེ་གསུམ་ཟིན། བྱ་འགུལ་ཁྲོད་ཞུགས་པའི་ཏང་ཡོན་གྱི་ཁྲོད་དུ་ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་ཏང་ཡོན་གྱིས་བརྒྱ་ཆའི་ང་ལྔ་དང་གྲངས་ཆུང་བདུན་ཟིན་ཟེར། ཁོས་རིམ་པ་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པའི་བཀོད་སྒྲིག་ལྟར། གཟབ་ནན་གྱིས་བྱ་བ་ཡོད་ཚད་བྱ་སྤྱོད་དངོས་ཀྱི་ཁྲོད་དུ་དངོས་འབེབས་བྱས་ནས་གནད་དོན་ཐག་གཅོད་བྱས་པའི་གྲུབ་འབྲས་ལས་མང་ཚོགས་ཡིད་ཆེས་སུ་འཇུག་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག