མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བཅིངས་གྲོལ་དམག་སྨན་ཁང་གིས་མཚོ་ལྷོ་ཁུལ་གྱི་ནད་པ་ཚབས་ཆེན་ཉེར་དྲུག་ལ་རིན་མ་བླངས་པར་གཤགས་བཅོས་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བཅིངས་གྲོལ་དམག་གསུམ་ཐིག་དྲུག་སྨན་ཁང་གི་མགོ་གཙོ་གཞོན་པ་ཅ་ཧྥོ་ཧྲིན་གྱིས་སྨན་ཁང་དེའི་སྒལ་རིས་ཕྱི་ནད་ཚན་ཁག་གི་སྨན་པ་འབུམ་རམས་པ་མ་ཧྭ་སུང་སོགས་སྨན་པ་ཆེད་མཁས་པ་གྲགས་ཅན་བཅུ་གཅིག་ཁྲིད་ནས་མཚོ་ལྷོ་ཁུལ་དུ་སོང་ནས་བྱམས་བརྩེའི་ནད་བརྟག་སྨན་བཅོས་བྱ་འགུལ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་བོད་ཁུལ་དུ་སྒལ་རིས་མི་བདེ་བའི་ནད་པ་དབུལ་བོ་མང་པོ་ཞིག་ཡོད་ཅིང་། ཁོ་ཚོ་ནད་ལས་སྐྱོབ་ཆེད་བཅིངས་འགྲོལ་དམག་གསུམ་ཐིག་དྲུག་སྨན་ཁང་གི་མགོ་ཁྲིད་རིམ་པའི་གཟིགས་སྐྱོང་དང་། འབྲེལ་ཡོད་ཚན་ཁག་གི་ཐུགས་ཁུར་གྱི་འོག་ནས་མཚོ་སྔོན་བོད་ཁུལ་དུ་བྱམས་བརྩེའི་སྨན་བཅོས་རོགས་སྐྱོར་བྱ་འགུལ་སྤེལ་བ་རེད།

སྨན་བཅོས་བྱ་འགུལ་གྱི་ཁ་གཏོད་ས་གཙོ་བོ་ནི། སྒལ་ཚིགས་འཁྱོག་པ་དང་། སྒལ་བ་འབུར་བ། སྒལ་རིས་གཅུང་ནད་སོགས་ཡོད་པའི་ནད་པར་ནད་བརྟག་དང་སྨན་བཅོས། གཤགས་བཅོས་བྱེད་རྒྱུ་དེ་ཡིན་ལ། སྨན་བཅོས་བྱེད་པའི་སྐབས་སུ། མཚོ་ལྷོ་ཁུལ་གཙོས་མགོ་ལོག་ཁུལ་དང་། ཡུས་ཧྲུའུ་ཁུལ། རྨ་ལྷོ་ཁུལ་དང་མཚོ་བྱང་ཁུལ་སོགས་ནས་ཡོང་བའི་ནད་པ་སུམ་བརྒྱ་ལྷག་ལ་སྨན་བཅོས་བྱས་པ་དང་། དེའི་ཁྲོད་ཀྱི་ནད་པ་ཚབས་ཆེན་ཉེར་དྲུག་སྐོར་གཉིས་སུ་བགོས་ནས་མི་འགྱངས་པར་བཅིངས་འགྲོལ་དམག་གསུམ་ཐིག་དྲུག་སྨན་ཁང་ནས་རིན་མ་བླངས་པར་སྨན་བཅོས་གཤགས་བཅོས་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག