མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་ཡུལ་དངོས་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:50

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཞི་ཉིན་ནས་ཚེས་དྲུག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་རྫོང་། ཞིང་བཅས་ཀྱི་ཞིང་ཕྱུགས་ལས་ཀྱི་གཙོ་འགན་འཁུར་མཁན་དང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་པོ་རྩ་འཛུགས་བྱས་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དང་དགའ་བདེ་རྫོང་གཉིས་ནས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྐྱེ་ཁམས་ཕྱུགས་ལས་ཡུལ་དངོས་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུ་བསྡུས། ཚོགས་འདུའི་དམིགས་ཡུལ་ནི་ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་རྒྱུ་དང་། མཚོ་སྔོན་ལྷོ་ཕྱོགས་ཀྱི་ཁུལ་གསུམ་གྱི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཁྲོད་ཀྱི་བྱེད་ཐབས་དང་ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་བྱེད་རྒྱུ། ཞིང་ཆེན་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་རྒྱུ་བཅས་རེད།

རྒྱུས་ལོན་བྱུང་བ་ལྟར་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་དང་བསྟུན་ནས། མཚོ་སྔོན་ལྷོ་ཕྱོགས་ཀྱི་ཁུལ་སོ་སོས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་སྐུལ་ཁྲིད་ཆེན་པོའི་འོག་ཏུ། ཡུལ་བབ་དང་བསྟུན་ནས། ཕན་འབྲས་ལྡན་པའི་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་ཐད་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། 

 ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་བཏོན་པའི་རེ་བ་གསར་བ་ལྟར། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ནུས་པ་ཇེ་ཆེར་གཏོང་བ་དེ་སྲོག་ཤིང་དུ་འཛིན་པ་དང་། བྱ་བའི་ཤུགས་སྣོན་ས་ཡང་དག་པར་བཙལ་ནས། ནུས་པ་ཇེ་ཆེར་གཏོང་བའི་ཐད་དུ་ཕན་འབྲས་ངོ་མ་ལེན་དགོས་ལ། སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་དེ་རྩ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་དང་། འབྲོག་དམངས་གཏན་སྡོད་བཟོ་སྐྲུན། གཟན་རྩྭའི་ཐོན་ལས། འབྲོག་ཁུལ་གྱི་ཕྱུགས་ཁང་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་བཅས་དང་ཟུང་འབྲེལ་དམ་པོ་བྱེད་དགོས་པ་དང་མཉམ་དུ། སྐྱེ་ལྡན་ཕྱུགས་ལས་སྤེལ་ཏེ་སྐྱེ་ཁམས་ཀྱི་ཁྱད་ལྡན་ཐོན་རྫས་འདོན་དགོས་ལ། བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་སྐྱེད་ལག་རྩལ་མ་ལག་མྱུར་དུ་འཛུགས་དགོས་ཞེས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག