མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣར་དམངས་སྲིད་ལས་དོན་འཕེལ་རྒྱས་ཀྱི་གནས་ཚུལ་བསྒྲགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣར་གནས་ཚུལ་སྒྲོག་པའི་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་དམངས་གཙོ་ཏང་ཁག་སོ་སོ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལལྷན་ཚོགས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཕྱིའི་ཨུ་ཡོན་ཁ་ཤས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ལ་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་དོན་འཕེལ་རྒྱས་ཐད་ཀྱི་གནས་ཚུལ་བསྒྲགས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་རིན་ཧྥུན་གྱིས་ཚོགས་འདུ་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས། ཞིང་ཆེན་དམངས་སྲིད་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་དོན་གྱི་འཕེལ་རྒྱས་གནས་ཚུལ་བསྒྲགས། ཚོགས་ཞུགས་ཏང་ཕྱིའི་མི་སྣ་ཚོས་ལང་ལོང་གིས་གཏམ་བཤད་སྤེལ་ནས། སྤྱི་ཚོགས་རོགས་སྐྱོར་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་་གཏོང་བ་དང་། སྤྱི་ཚོགས་རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྤྱི་ཚོགས་དོ་དམ་བྱེད་སྟངས་དང་བྱེད་ཐབས་གསར་སྐྲུན་བྱེད་པ། དམངས་སྲིད་བྱ་བའི་དོ་དམ་སྒྲིག་སྲོལ་ལེགས་བསྒྱུར་བྱེད་པ་སོགས་ཀྱི་ཐད་ནས་བསམ་འཆར་བཏོན།

ཅི་རིན་ཧྥུན་གྱིས་བཤད་རྒྱུར། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ནི། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དུ་གཏོང་བའི་གནད་འགག་གི་དུས་སྐབས་ཡིན་པ་དང་། བཅོས་བསྒྱུར་ཟབ་སྤེལ་དང་ཚན་རིག་ལྟར་འཕེལ་རྒྱས། དམངས་འཚོར་འགན་སྲུང་། གཏན་འཇགས་ལ་སྲུང་སྐྱོབ་བཅས་བྱེད་པའི་འགན་ཁུར་ཧ་ཅང་ལྕི་ལ། དམངས་སྲིད་བྱ་བས་དམངས་འཚོར་འགན་སྲུང་བྱེད་པའི་ཆུ་ཚད་མཐོར་འདེགས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དྲང་བདེན་དྲང་གཞག་ལ་སྐུལ་འདེད་བྱེད་པ། འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཁྲོད་འདོན་བཞིན་པའི་ནུས་པ་སྔར་ལས་འབུར་ཐོན་ཡིན་པས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་བྱ་བར་དོ་སྣང་དང་རྒྱབ་སྐྱོར་བྱེད་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱི་བློ་རིག་གཅིག་བསྡུས་དང་འབྲེལ་འདྲིས་རྒྱ་ཆེ་བའི་དགེ་མཚན་འདོན་སྤེལ་བྱེད་པ་དང་། དམངས་གཙོར་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་གནད་དོན་གལ་ཆེན་དང་དམིགས་ནས། བརྟག་དཔྱད་དང་ཞིབ་འཇུག་གཏིང་ཟབ་དང་། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱེད་དགོས། དེ་དང་མཉམ་དུ་རང་སོ་སོའི་འབྲེལ་འདྲིས་བྱེད་པའི་མང་ཚོགས་ཀྱི་བསམ་བློའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཧུར་ཐག་གིས་དམངས་སྲིད་མ་ལག་གིས་མི་དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱེད་པ་དང་། མི་དམངས་ཀྱི་དོགས་ཟོན་སེལ་བ། མི་དམངས་ཀྱི་དཀའ་ཁག་ཐག་གཅོད་པར་རོགས་བྱས་ཏེ། དམངས་སྲིད་འཕེལ་རྒྱས་ཐད་ནས་ཡང་བསྐྱར་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག