མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལའོ་ཧེ་ཉིན་གྱིས2014ལོའི་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་སྟེང་ཕེབས་བའི་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་ཐུག་འཕྲད་བྱས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-08 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས7ཉིན།  མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལའོ་ཧེ་ཉིན་གྱིས་གནའ་མཁར་ཟི་ལིང་དུ2014ལོའི་ཀྲུང་གོའི་མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུའམ། དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་ཐུག་འཕྲད་བྱས།

ཐུག་འཕྲད་ཁྲོད་དུ་ལའོ་ཧེ་ཉིན་གྱིས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམ་པ་མཚོ་སྔོན་ལ་ཕེབས་པར་དགའ་བསུ་བྱས་པ་དང་།  དུས་ཡུན་རིང་བོར་ནང་ས་གདན་ཐོན་ལས་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ལས་རིགས་སོ་སོའི་གྲོགས་པོར་བཀའ་དྲིན་ཆེ་ཞུས།  ཁོང་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་དངོས་ཟོག་སྐྱེལ་འདྲེན་དང་དངོས་ཟོག་ཉར་ཚགས། སྐད་བརྡ་འཕྲོད་མིན། ཁྲལ་བསྡུ་དོ་དམ་སོགས་གནད་དོན་སྟེང་ནས་གཏིང་ཟབ་མོས་བསམ་འཆར་བརྗེ་རེས་བྱས་པ་དང་། མཉམ་གཅིག་ཏུ་སྔར་ལས་ལྷག་པར་མཚོ་སྔོན་དང་རྒྱལ་ཁབ་སོ་སོ་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་ཞིང་ཆུ་ཚད་སྔར་ལས་མཐོ་བའི་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་སྤེལ་བར་གྲོས་མོལ་བྱས།

ལའོ་ཧེ་ཉིན་གྱིས་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་ནི་རྒྱལ་སྤྱིའི་ས་གདན་འགྲེམ་སྟོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་མ་ཟད། མཚོ་སྔོན་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་བརྩེ་མཚོན་པའི་བྱ་འགུལ་ཞིག་ཀྱང་ཡིན། ང་ཚོ་གནས་འདི་རུ་ལྷན་འཛོམས་བྱུང་ནས་མཉམ་གཅིག་ཏུ་འབད་པ་བྱས་པ་བརྒྱུད། བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་ཐེངས་བཅུ་ལ་སྤེལ་བའི་རྒྱུད་རིམ་བདེན་དབང་བྱས་ཡོད།  ཉིན་དུ་མའི་སྔོན་དུ་བསྡུས་ཟིན་པའི་2014ལོའི་ཀྲུང་གོའི་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་ཐོན་ལས་མཉམ་ལས་དང་གྲལ་སྒོར་ཚོགས་འདུ་ལས་གྲོས་མཐུན་ཆེན་པོ་བྱུང་ཞིང་གྲུབ་འབྲས་ཀྱང་ལེགས་པོ་ཐོབ་ཡོད་པས།  ང་ཚོས་སྔར་ལས་ལྷག་པར་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས་ས་གདན་ཐོན་ལས་གསར་སྤེལ་ལ་སྐུལ་འདེད་བྱེད་དགོས་པ་དང་། བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུ་འདི་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་ཉོ་ཚོང་མཉམ་ལས་དང་བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་སྐྲུན་དགོས་ཞེས་བསྟན།

ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ལའོ་ཧེ་ཉིན་གྱིས་ཐུག་འཕྲད་བྱས་པར་བཀའ་དྲིན་ཞུ་བ་དང་། བོད་ཀྱི་ས་གདན་དང་ཀྲུང་གོའི་དར་གོས་ཚོང་ལམ་ས་གདན་ཐོན་ལས་བར་གྱི་མཉམ་ལས་དང་གྲལ་སྒོར་ཚོགས་འདུ་རྒྱལ་ཁའི་ངང་སྤེལ་བར་གདེང་འཇོག་ཆེན་པོ་བྱས། ཁོ་ཚོས་ཕྱོགས་གཉིས་བར་ལ་མཉམ་ལས་བྱེད་པའི་མདུན་ལྗོངས་ཆེན་པོ་ཡོད་ལ། མུ་མཐུད་དུ་མཉམ་ལས་ཕྱོགས་ལ་དོ་སྣང་བྱས་ནས་ཕྱོགས་གཉིས་བར་གྱི་མཉམ་ལས་ཐད་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་བྱེད་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག