མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ཀྲུང་གོའི་མཚོ་སྔོན་བོད་ཀྱི་ས་གདན་འགྲེམ་སྟོན་ཚོགས་འདུའམ་དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་ཉོ་ཚོང་ཚོགས་འདུ་བསྡུ་འགོ་བརྩམས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-08 10:38

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་དང་ཚོང་ལས་པུའུ་ཡི་པུའུ་ཀྲང་ལས་རོགས་ཐོན་ཏའོ་ཁྲི། ཧྲན་ཀྲང་གཞོན་པ་ཝང་ཞའོ་སོགས་འགྲེམ་སྟོན་ཚོགས་ར་སྐོར་ཞིབ་བྱེད་དུས་ཕྱི་རྒྱལ་གྱི་ཚོང་བ་དང་བསམ་བློ་བརྗེ་རེས་བྱེད་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས7ཉིན་གྱི་སྔ་དྲོར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་ལས་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་ཟས་རིགས་ཞིང་ཕྱུགས་ལས་ཕྱི་ཚོང་ནང་འདྲེན་ཚོང་ལས་ཚོགས་པ་དང་ཀྲུང་གོའི་ཁྱིམ་བཀོལ་འཁལ་འཐག་ཐོན་རྫས་མཐུན་ཚོགས།  ཀྲུང་གོའི་བོད་ཀྱི་ས་གདན་མཐུན་ཚོགས།  མཚོ་སྔོན་ཞིང་ཆེན་ཚོང་དོན་པུའུ་སོགས་ལས་ཁུངས་ཀྱིས་སྒྲུབ་འགན་ཁུར་བའི2014ལོའི་ཀྲུང་གོའི་མཚོ་སྔོན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའམ། དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་ཉོ་ཚོང་ཚོགས་འདུ་ཟི་ལིང་མཁར་ལྷོ་གསར་སྤེལ་ཁུལ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ།  ཧྲིན་ཀྲང་ཧའོ་ཕིན་དང་ཚོང་ལས་པུའུ་ཡི་པུའུ་ཀྲང་ལས་རོགས་ཐོན་ཏའོ་ཁྲི། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ།  ཧྲིན་ཀྲང་གཞོན་པ་ཝང་ཞའོ།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མའོ་ཏུན་ཧྲིན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོགས་ས་གདན་འགྲེམ་སྟོན་སྤེལ་འགོ་བརྩམས་པའི་མཛད་སྒོར་ཞུགས། 

འགོ་ཁྲིད་རྣམ་པ་ས་གདན་འགྲེམ་སྟོན་ཚོགས་ར་ནང་ཕེབས་བཞིན་པ།

ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ལས“རྒྱལ་ཁབ་ཕྱི་ནང་གི་ལག་ཤེས་ས་གདན་སྣ་ཚོགས་དང་འཕྲུལ་ཆས་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་ས་གདན། འགེལ་གྲུམ། ས་གདན་གྱི་རྒྱུ་ཆ”སོགས་གཙོ་ཡིན་པ་དང་། “བརྗེ་རེས་དང་མཉམ་ལས། གསར་སྐྲུན། འཕེལ་རྒྱས”བརྗོད་དོན་དུ་བཟུང་ནས། བསྡོམས་པས་རྒྱལ་ཁབ11གི་ཁེ་ལས་ཐེངས་འདིའི་ས་གདན་འགྲེམ་སྟོན་སྟེང་ཞུགས།  དེའི་ནང་ཕ་ཁི་སི་ཐན་དང་དབྱི་ལང་། ཧིན་རྡུ་དང་ནེ་པ་ལ།  ཨ་ཧྥུ་ཧན།  ཐུར་ཁེ་དང་ཀྲུང་གོ་བཅས་འཛམ་གླིང་གི་ས་གདན་ཐོན་སྐྱེད་རྒྱལ་ཁབ་གཙོ་བོ་བདུན་འདུས། རྒྱལ་ནང་དུ་ཧྲན་ཏོན་དང་བོད་ལྗོངས།  ཞིན་ཅང་།  ཀན་སུའུ་དང་ཅང་སའོ་སོགས་ཞིང་ཆེན14ཡི་ཁེ་ལས330འགྲེམ་སྟོན་སྟེང་ཞུགས་ཡོད་པ་དང་།  ཞིང་ཆེན་ནང་ཁུལ་དུ་ཁེ་ལས14ཐེངས་འདིའི་ས་གདན་འགྲེམ་སྟོན་སྟེང་ཞུགས་ཡོད་པ་རེད།

བོད་ཀྱི་ས་གདན་འགྲེམ་སྟོན་བྱེད་བཞིན་པ།

ཤེས་གསལ་བྱུང་བ་ལྟར་ན།  མ་འོངས་བའི་ཉིན5རིང་གི་དུས་ཚོད་ནང་།  གཙོ་སྒྲུབ་ལས་ཁུངས་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོའི་ས་གདན་རིན་བཅག་ཚོང་སྒྱུར་བྱ་འགུལ་དང་ཀྲུང་གོའི་དར་གསོ་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་ས་གདན་ཐོན་ལས་མཉམ་ལས་དང་གྲལ་སྒོར་གྲོས་ཚོགས། རིག་རྩལ་འཁྲབ་སྟོན་སོགས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།  །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག