མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་བོད་ལུགས་ས་གདན་འགྲེམ་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས2014ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་དང་དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་བརྗེ་རེས་ཚོང་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཧའོ་ཕིན་གྱིས་དོ་སྣང་ཆེན་པོ་དང་སེམས་ཞིབ་མོས་རྩ་འཛུགས་བྱས་ནས། ཐེངས་འདིའི་བོད་ལུགས་ས་གདན་འགྲེམ་ཚོགས་དེ་ཆུ་ཚད་མཐོ་བ་དང་ཁྱད་ཆོས་ལྡན་པའི་འགྲེམ་སྟོན་ཞིག་ཏུ་བསྒྲུབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།

ད་ལོའི་བོད་ལུགས་ས་གདན་འགྲེམ་སྟོན་ཁྲོད་བསྡོམས་པས་རྒྱལ་ཁབ་བཅུ་གཅིག་དང་རྒྱལ་ནང་གི་ཞིང་ལྗོངས་བཅུ་བཞི་ནས་ཡོང་བའི་ཁེ་ལས་བདུན་བརྒྱ་ཙམ་ཞུགས་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་ཚད་གཞིའི་འགྲེམ་སྟོན་བྱེད་ས་བསྡོམས་པས་བརྒྱད་བརྒྱ་གྱ་ལྔ་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲེམ་ཞུགས་ཐོན་རྫས་རིགས་བཞི་བརྒྱ་ལྷག་ཡོད། ཧའོ་ཕིན་སྔ་གཞུག་ཏུ་འགྲེམ་སྟོན་ལྟེ་གནས་ཀྱི་རྒྱལ་སྤྱིའི་ས་གདན་འགྲེམ་སྟོན་ཁང་དང་རྒྱལ་ནང་ས་གདན་འགྲེམ་སྟོན་ཁང་གཉིས་སུ་སོང་ནས། རིམ་པ་བཞིན་འགྲེམ་སྟོན་ཁང་གི་འགྲེམ་སྟོན་བྱེད་སར་བལྟས་པ་དང་འགྲེམ་ཚོགས་ཀྱི་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཧའོ་ཕིན་གྱིས་ད་ལོའི་བོད་ལུགས་ས་གདན་འགྲེམ་ཚོགས་སྒྲུབ་པའི་འདུ་ཤེས་དང་གཞི་ཁྱོན་རིམ་པ། བྱ་འགུལ་གྱི་ནང་དོན། འགྲེམ་སྟོན་ཁང་གི་བཀོད་སྒྲིག་སོགས་ཐད་ནས་མངོན་པའི་ཁྱད་ཆོས་གསར་བར་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཕྱོགས་སོ་སོས་ཚན་རིག་ལྟར་བཀོད་སྒྲིག་བྱས་ནས། སྟོབས་ཤུགས་ཡོད་རྒུས་འགྲེམ་ཚོགས་ཀྱི་བཀོད་སྒྲིག་བྱ་བ་དང་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།

ད་ལོའི་བོད་ལུགས་ས་གདན་འགྲེམ་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཉན་རྗེས། ཧའོ་ཕིན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཆེད་ལས་རང་བཞིན་གྱི་འགྲེམ་སྟོན་ཞིག་ཡིན་པའི་ཆ་ནས། ད་ལོའི་བོད་ལུགས་ས་གདན་འགྲེམ་ཚོགས་ཀྱིས་ལོ་རྒྱུས་འགན་འཁྲི་དང་ལས་འགན་གསར་བ་ཁུར་ཡོད་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ངེས་པར་དུ་ས་གདན་འགྲེམ་ཚོགས་ཀྱི་གོ་གནས་གལ་ཆེན་དང་ནུས་པར་རྒྱུས་ལོན་གང་ལེགས་བྱེད་པ་དང་། ངེས་པར་དུ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། འགྲེམ་ཚོགས་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པ་དང་གྲུབ་འབྲས་གསར་བ་ལེན་པར་ཁག་ཐེག་བྱེད་དགོས་ཏེ། གཅིག འདུ་ཤེས་བརྟན་པོ་བཅངས་ནས། ས་གདན་འགྲེམ་སྟོན་དེ་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་འདུ་བ་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་རོགས་སྐུལ་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་བསྒྲུབ་དགོས། གཉིས། བཅོས་བསྒྱུར་གསར་སྤེལ་བྱས་ནས། ས་གདན་འགྲེམ་ཚོགས་དེ་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་དང་ནུས་རྒྱུད་ལ་སྒོ་འབྱེད་བྱེད་ཚད་རྒྱ་བསྐྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་བསྒྲུབ་དགོས། གསུམ། མི་གཙོ་བོར་བཟུང་ནས། ས་གདན་འགྲེམ་ཚོགས་དེ་མང་ཚོགས་ཀྱིས་དགའ་བསུ་བྱེད་པ་དང་ཕྱོགས་སོ་སོ་དེའི་ཁྲོད་ཞུགས་པའི་འདུ་ཚོགས་གལ་ཆེན་ཞིག་ཏུ་བསྒྲུབ་དགོས་ཟེར།

ཧའོ་ཕིན་གྱིས་འགྲེམ་སྟོན་མགོ་རྩོམ་ལ་ཉེ་བས། ཕྱོགས་སོ་སོས་སྟོབས་ཤུགས་ཡོད་རྒུ་འདོན་པ་དང་མཐུན་སྦྱོར་གཞོགས་འདེགས་བྱས་ནས། སྣང་བརྙན་མངོན་པར་བྱེད་པ་དང་། བདེ་འཇགས་སྲུང་སྐྱོབ་དང་དྲིལ་སྒྲོག་ལ་ཤུགས་སྣོན་པ། སྣང་ཚུལ་བཟང་བོ་བསྐྲུན་པ་སོགས་ཀྱི་བྱ་བ་གཙོ་བོར་དམ་འཛིན་བྱས་ཏེ། འགྲེམ་ཚོགས་བདེ་བླག་དང་ཕུན་སུམ་ཚོགས་པའི་ངང་སྒྲུབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག