མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅུན་གྱིས་ལས་རིགས་གསར་སྐྲུན་བྱེད་མཁན་ལ་དངོས་སུ་རོགས་རམ་བྱེད་དགོས་ཞེས་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་མགོ་ཁྲིད་ཀྲང་ཡུང་ཧེ་དང་སུང་ཁྲིན་ཞི་གཉིས་ཀྱི་འགྲོ་རོགས་འོག་ཏུ། ཏ་ཐུང་རྫོང་གི་ཁེ་ལས་ཆུང་འབྲིང་ལས་སྐྲུན་རྟེན་གཞིར་སོང་ནས་རྟོག་ཞིབ་བྱས། ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ལས་རིགས་ནི་དམངས་འཚོའི་རྩ་བ་ཡིན་པ་དང་། ལས་རིགས་གསར་སྐྲུན་ནི་ལས་ཞུགས་ཀྱི་རྩ་བ་ཡིན་པ་ལས་གཞན། རྫོང་སྟོབས་ལྡན་དང་དམངས་འབྱོར་ཕྱུག་ཅན་དུ་བསྒྱུར་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། སྲིད་གཞུང་སྡེ་ཁག་གིས་ཁག་བགོས་ནས་སྣེ་སྟོན་བྱེད་པའི་བྱ་བ་གཙོར་བཟུང་ནས། ལས་རིགས་གསར་སྐྲུན་གྱི་བདག་ཁོངས་རྒྱ་བསྐྱེད་པ་དང་། ཁེ་ལས་གལ་ཆེན་གཙོ་གནད་དུ་འཛིན་པ། ན་གཞོན་ལས་སྐྲུན་པ་དམིགས་སུ་འཛིན་པ་བཅས་བྱས་ཏེ། ལས་སྐྲུན་པར་གནད་དོན་དང་དཀའ་ངལ་ཐག་གཅོད་རོགས་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་གྱིས་ཁེ་ལས་ཆུང་འབྲིང་གི་སྟེགས་བུ་འཛུགས་སྐྲུན་དང་ལས་གཞིའི་འཆར་འགོད། འཕེལ་རྒྱས་ཁ་ཕྱོགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། ཏ་ཐུང་རྫོང་གི་བཟོ་ལས་གླིང་གསར་སྤེལ་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་དང་ལས་ཞུགས་གསར་སྐྲུན་གྱི་མ་རྩ་ཇེ་ཉུང་དུ་གཏོང་བ། ཁྲིམས་སྐྱོང་ཁོར་ཡུག་ལེགས་བཅོས་བྱེད་པ་སོགས་ཐད་ཀྱི་ལས་ཀ་འཐུས་ཤོར་མེད་པའི་ངང་བསྒྲུབ་དགོས་པ་མ་ཟད། ད་དུང་ལས་གཞི་ཆེན་པོ་གཉེར་བ་དང་ལས་གཞི་བཟང་བོ་བཟོ་ལས་གླིང་ནས་རྐང་ཚུགས་པར་བྱེད་པ། ས་གནས་རང་གི་ཁྱད་ཆོས་དང་ལྡན་པའི་ཚོང་རྫས་གྲགས་ཅན་གསོ་སྐྱོང་བཅས་ཀྱི་བྱ་བར་འབད་བརྩོན་བྱེད་དགོས་པ་དང་མཉམ་དུ། ཁེ་ལས་ཀྱི་མ་དངུལ་བདེ་ཐང་ངང་འཁོར་རྒྱུག་ཡོང་བར་ཁག་ཐེག་དང་། འཇོན་ཐང་མི་སྣ་གསོ་སྐྱོང་། ལག་རྩལ་གསར་སྐྲུན། ཐོན་ལས་གསར་འབྱེད་སོགས་ཀྱི་ཐད་ཕན་འབྲས་ཆེ་བའི་ཞབས་ཞུ་བཟང་བོ་འདོན་སྤྲོད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག