མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རྩ་འཛུགས་པུའུ་ཡིས“གཞི་གསུམ”འཛུགས་སྐྲུན་ལ་རྩ་འཛུགས་ཀྱི་འགན་སྲུང་ལེགས་པོ་ཞིག་འདོན་སྤྲོད་བྱེད་དགོས་ཞེས་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-07 11:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་རྩ་འཛུགས་པུའུ་ཡིས་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པའི་སློབ་སྦྱོང་ཚོགས་འདུ་བསྡུས་པ་དང་། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཚོགས་འདུ་ལས་བསྟན་དོན། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི «མཚོ་སྔོན་ཞིང་ཆེན་ཏང་ཨུའི“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྲིད་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་བསམ་འཆར»ལས། “གཞི་གསུམ”འཛུགས་སྐྲུན་ཤུགས་སྣོན་པའི་སྤྱིའི་རེ་བ་དང་། དམིགས་འབེན་དང་འགན་ཁུར། རྩ་བའི་རྩ་དོན་བཅས་བསྟན་ཡོད་པ་དང་། “གཞི་གསུམ”འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་དང་བྱེད་ཐབས་གལ་ཆེན་བཀོད་སྒྲིག་བྱས་ཡོད་ལ། བྱ་བའི་སྒྲིག་ལུགས་དང་སྐུལ་སྤེལ་གྱི་ཁ་ཕྱོགས། དུས་ཚོད། ལམ་ཐིག་བཅས་གསལ་བོར་བསྟན་ཡོད། དེར་མཛུབ་སྟོན་རང་བཞིན་དང་ལག་བསྟར་རང་བཞིན་དྲག་པོ་ལྡན་ཟེར།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་གཉིས་ཟུང་དུ་སྦྲེལ་བ་དང་། བློ་མཐུན་ལིག་ཡུན་ཧྲན་དང་ཀྲའོ་ལི་ཅི་གཉིས་ཀྱིས་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཟུང་དུ་སྦྲེལ་བ། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དང་ཟུང་དུ་སྦྲེལ་བ། རྩ་འཛུགས་ལས་ཁུངས་རང་སྟེང་གི་འཛུགས་སྐྲུན་བྱ་བ་དང་ཟུང་དུ་སྦྲེལ་བ་བཅས་ལ་འབད་དེ། སྔར་ལས་ལྷག་པའི་སྒོ་ནས་རིག་ལམ་གསར་འབྱེད་དང་བྱ་བ་བརྟན་བརླིང་སྒོས་བསྒྲུབ་ནས། རྩ་འཛུགས་ལས་ཁུངས་ཀྱི་ཐུན་མིན་ཁྱད་གཤིས་མངོན་པར་མཚོན་དགོས་ཟེར།

ཚོགས་འདུ་ལས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དེ་རྩ་འཛུགས་ལས་ཁུངས་ཀྱི་བྱ་བའི་མགོ་རྩོམ་སར་བརྩིས་ནས། སློབ་གསོ་དང་ཟབ་སྦྱོང་ལ་ཤུགས་བསྣན་ཏེ། “གཞི་གསུམ”འཛུགས་སྐྲུན་གྱི་བྱ་གཞག་ལ་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་འགན་སྲུང་ལེགས་པོ་ཞིག་འདོན་སྤྲོད་བྱེད་དགོས་པ་མ་ཟད། ལས་རྐང་དང་འཚམ་པའི་ལས་བྱེད་པ་བཀོད་སྒྲིག་བྱས་ཏེ། “གཞི་གསུམ”འཛུགས་སྐྲུན་གྱི་བྱ་བར་བློ་གཏད་ཆོག་པའི་ལས་བྱེད་པའི་དཔུང་སྡེ་ལེགས་པོ་ཞིག་འདོན་སྤྲོད་བྱེད་དགོས། གཞི་རིམ་ཏང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། “གཞི་གསུམ”འཛུགས་སྐྲུན་གྱི་བྱ་བར་འགྱུར་མེད་བརྟན་བརླིང་གི་རྩ་འཛུགས་བཟང་བོ་ཞིག་འདོན་སྤྲོད་བྱེད་པ་དང་། “གཞི་གསུམ”འཛུགས་སྐྲུན་གྱི་བྱ་བར་རྩ་འཛུགས་ཀྱི་འགན་སྲུང་ལེགས་པོ་ཞིག་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག