མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་དང་ཐའེ་ཝན་གྱི་བུད་མེད་འཕེལ་རྒྱས་དང་ཁེ་དབང་་སྲུང་སྐྱོབ་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-07 10:28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་དང་ཐའེ་ཝན་གྱི་བུད་མེད་འཕེལ་རྒྱས་དང་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཐའེ་པེ་གྲོང་ཁྱེར་བཟོ་ཚོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་པོ་ཀའོ་ཡན་ཆུག་གིས་སྣེ་ཁྲིད་པའི་ཐའེ་ཝན་འཐུས་ཚབ་ཚོགས་པའི་མི་བཞི་བཅུ་དང་། མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སོ་སོ་ནས་ཡོང་བའི་བུད་མེད་འཐུས་མི་ཉི་ཤུ་བཞུགས་མོལ་ཚོགས་འདུར་ཞུགས། ཚོགས་འདུའི་དམིགས་ཡུལ་ནི་ས་ཆ་གཉིས་ཀྱི་བུད་མེད་ཚོའི་བར་བརྗེ་རེས་དང་འབྲེལ་འདྲིས། མཉམ་ལས་བྱེད་པའི་སྟེགས་བུ་གསར་བ་བཙུགས་ནས། མཉམ་དུ་ས་གཉིས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་བདེ་ཐང་ངང་གོང་འཕེལ་དུ་གཏོང་བར་སྐུལ་འདེད་བྱེད་རྒྱུ་དེ་རེད།

བཞུགས་མོལ་ཚོགས་འདུའི་སྟེང་། ས་གཉིས་ཀྱི་བུད་མེད་འཐུས་མི་ཚོས་ལང་ལོང་གིས་གཏམ་བཤད་སྤེལ་བ་དང་། མཉམ་དུ་ས་གཉིས་ཀྱི་བུད་མེད་འཕེལ་རྒྱས་སུ་གཏོང་བ་དང་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་སྤེལ་བའི་གནས་ཚུལ་དང་འཕེལ་རྒྱས་གནས་བབ་ཐད་ནས་བརྗེ་རེས་དང་གླེང་མོལ་བྱས་པ་མ་ཟད། ས་གཉིས་ཀྱི་བུད་མེད་བར་གྱི་མཛའ་མཐུན་དང་བརྗེ་རེས། མཉམ་ལས་ཐད་ཀྱི་མཛེས་སྡུག་གི་མ་འོངས་མདུན་ལྗོངས་ལ་སྔོན་དཔག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག