མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྙིང་རྗེ་སྤྱི་ཁྱབ་ཚོགས་པས་ཡུན་ནན་གནོད་ཐེབས་ས་ཁུལ་ཞལ་འདེབས་མ་དངུལ་སྒོར་ཁྲི20ཕུལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-07 10:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས6ཉིན།  མཚོ་སྔོན་ཞིང་ཆེན་སྙིང་རྗེ་སྤྱི་ཁྱབ་ཚོགས་པས་ཡུན་ནན་ཞིང་ཆེན་གྱི་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་མ་དངུལ་སྒོར་ཁྲི20ཕུལ།  ཡུན་ནན་ཞིང་ཆེན་ལའོ་ཏེན་རྫོང་གི་གནོད་ཐེབས་མང་ཚོགས་སྔ་མོ་ནས་གནོད་འཚེ་ལས་ཐར་ནས་ཁྱིམ་གཞིས་གསར་སྐྲུན་ལ་རོགས་སྐྱོར་བྱེད་ཆེད།  ཞིང་ཆེན་སྙིང་རྗེ་སྤྱི་ཁྱབ་ཚོགས་པས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཚང་མས་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་ཞིང་།  བྱམས་ལྡན་མི་སྣས་དངུལ་ཁང་དང་སྦྲག་སྲིད་བརྒྱུད་དེ་གནོད་ཐེབས་མང་ཚོགས་ལ་ཞལ་འདེབས་ཕུལ་ཆོག་པ་དང་ཞབ་འདེབས་ཕུལ་བའི་གནས་ཚུལ་ཉིན་རེའི་ཕྱི་དྲོར་གཅིག་གྱུར་སྒོས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག