མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འབྲི་སྟོད་རྫོང་གིས་ལའོ་ཏེན་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-07 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས5ཉིན།  མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དུ་སྤེལ་བའི་རྒྱལ་ཡོངས་ཀྱི་སྐབས་གཉིས་པའི“སྒ་སྐྱ་ལོའི་རིག་གནས”རིག་གཞུང་དཔྱད་གླེང་ཚོགས་འདུ་མཇུག་སྒྲིལ་བའི་མཛད་སྒོ་སྟེང་།  འབྲི་སྟོད་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་ཡུན་ནན་ལའོ་ཏེན་ས་ཁུལ་གྱི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བ་མ་ཟད་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་མ་དངུལ་ཕུལ།

འབྲི་སྟོད་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་ལའོ་ཏེན་ས་ཁུལ་གྱི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བ།

ཟླ8པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་ཀྱི་སྐབས་གཉིས་པའི“སྒ་སྐྱ་ལོའི་རིག་གནས”རིག་གཞུང་དཔྱད་གླེང་ཚོགས་འདུ་མཇུག་སྒྲིལ་བའི་མཛད་སྒོ་སྟེང་། ཚོགས་འདུར་མགོ་འཛིན་གྱི་འགན་ཁུར་ཡོད་པའི་འབྲི་སྟོད་རྫོང་གི་ཏང་ཨུའི་རྒྱུན་ཨུའམ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་འོད་ཟེར་རྒྱ་མཚོས་ཚོགས་ཞུགས་འཐུས་མི་རྣམས་ལ་ཚང་མས་ཧྲའོ་ཐོན་གྲོང་ཁྱེར་ལའོ་ཏེན་རྫོང་དུ་ཚད་རིམ6.5རིམ་པའི་ས་འགུལ་བྱུང་བ་ལས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཞུ་བར་ཁྱབ་བསྒྲགས་བྱས་པ་དང་།  མྱ་ངན་ཞུ་མ་ཐག་ལས་བྱེད་མང་ཚོགས་ཚང་མས་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ། ཞལ་འདེབས་ཕུལ་མཁན་ཁྲོད་དུ་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་སྨན་པ།  དྲག་ཆས་ཉེན་རྟོག་དཔོན་དམག་དང་མང་ཚོགས་བཅས་གྲྭ་བཙུན་དག་ཀྱང་དེའི་ཁྲོད་དུ་ཞུགས་ཡོད་པ་རེད། སྐབས་དེར་ལས་རིགས་མི་གཅིག་པ་དང་ཐོབ་ཐང་མི་གཅིག་པའི་ལས་བྱེད་མང་ཚོགས་མ་གྲོས་རང་མཐུན་གྱིས་ངང་ནས་ལའོ་ཏེན་གནོད་ཐེབས་ས་ཁུལ་ལ་བརྩེ་སེམས་ཕུལ།

ཕྱོགས་གཅིག་ལ་དཀའ་ཁག་ཡོད་ཚེ། ཕྱོགས་མང་པོས་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་ལེགས་པོ་ལྟར། 2010ལོར་ཡུས་ཧྲུའུ་ས་ཁུལ“4.14”ས་འགུལ་བྱུང་རྗེས། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་ཞལ་འདེབས་ཕུལ་བའི་བྱ་འགུལ་མང་པོ་སྤེལ་བ་དང་།  གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་དྲོད་འཁོལ་སྦྱིན།  ཞལ་འདེབས་ཕུལ་བའི་ཡུལ་དངོས་སུ་བོད་རིགས་ལས་བྱེད་པ་ཞིག་གིས་གསར་འགོད་པར་ས་འགུལ་གནོད་འཚེ་མདུན་ནས་གནོད་ཐེབས་མང་ཚོགས་ལ་ཆེས་མཁོ་བ་ནི་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཡིན་པ་མ་གཏོགས།  ད་དུང་ཕྱོགས་སོ་སོའི་རོགས་སྐྱོར་ཡང་མཁོ་བ་རེད།  བྱམས་སེམས་ལྡན་པའི་ཞལ་འདེབས་མ་དངུལ་རེ་རེས་མང་ཚོགས་ཀྱི་རེ་འདུན་སྐོང་བ་མ་ཟད།  སྔར་ལས་ལྷག་པར་ཕྱོགས་གཅིག་ལ་དཀའ་ཁག་ཡོད་ཚེ། ཕྱོགས་མང་པོས་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་ལེགས་པོ་རྒྱུད་འཛིན་བྱས་པ་རེད་ཟེར། 

འབྲི་སྟོད་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་གོ་རིམ་ཡོད་པའི་སྒོ་ནས་ལའོ་ཏེན་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ་བཞིན་པའི་ཚུལ་རེད།
བོད་རིགས་ཨ་མ་ལོ་ལོན་ཞིག་གིས་རང་ཉིད་ཀྱི་སྒོར་ཁུག་ལས་སྒོར་བརྒྱ་བླངས་སྟེ་ཞལ་འདེབས་ཕུལ་བཞིན་པའི་ཚུལ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག