མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གིས་ཡུན་ནན་ཞིང་ཆེན་ལ་ཞལ་འདེབས་མ་དངུལ་སྒོར་ཁྲི100བཏང་སྟེ་གནོད་འགོག་རྒུད་སྐྱོར་བྱ་བར་རོགས་སྐྱོར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-06 11:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཁ་སང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་ཏང་ཨུར་བརྡ་ཁྱབ་བཏང་སྟེ། ཞལ་འདེབས་མ་དངུལ་སྒོར་ཁྲི100བཏང་བ་དང་གནོད་འགོག་རྒུད་སྐྱོར་བྱ་བ་རོགས་སྐྱོར་བྱས། གློག་འཕྲིན་ལས“ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་ལ། ཡུན་ནན་ཞིང་ཆེན་གྱི་གནོད་འགོག་རྒུད་སྐྱོར་བྱ་བར་རོགས་སྐྱོར་བྱེད་ཆེད།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞལ་འདེབས་མ་དངུལ་སྒོར་ཁྲི100གཏོང་བར་ཐག་བཅད་པ་དང་། གནོད་ཐེབས་ས་ཁུལ་མང་ཚོགས་མིག་སྔར་གྱི་དཀའ་ཁག་སེལ་བར་རོགས་སྐྱོར་བྱེད་རྒྱུ་ཡིན།  རང་ཞིང་གིས་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱི་སྨན་བཅོས་མྱུར་སྐྱོར་དང་མྱུར་སྐྱོར་དངོས་ཟོག སྤྱི་བདེ་མེ་འགོག་སོགས་རྩ་འཛུགས་བྱས་ནས་མྱུར་སྐྱོར་གྲ་སྒྲིག་བྱ་བ་སྒྲུབ་ཀྱིན་ཡོད་པ་དང་།  དུས་ཐོག་ཏུ་གནོད་ཐེབས་ས་ཁུལ་ལ་སོང་ནས་རོགས་སྐྱོར་བྱེད་ཆོག  དུས་མཚུངས་སུ་ང་ཚོས་མུ་མཐུད་དུ་གནོད་འཚེའི་གནས་ཚུལ་ལ་དོ་སྣང་བྱེད་རྒྱུ་ཡིན་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཅིག་གྱུར་བཀོད་སྒྲིག་དང་གནོད་ཐེབས་ས་ཁུལ་གྱི་དགོས་མཁོ་ལྟར། ཧུར་ཐག་སྒོས་ཡུན་ནན་ཞིང་ཆེན་གྱི་གནོད་འགོག་རྒུད་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན། ”།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག