མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སུའུ་ཉིན་གྱིས་སྟོང་སྐོར་རྫོང་གི་གཞི་རིམ་བུད་མེད་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-06 11:13

སུའུ་ཉིན་གྱི་སྟོང་སྐོར་རྫོང་ནས་བརྟག་དཔྱད་བྱེད་བཞིན་པའི་ཚུལ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་སྟོང་སྐོར་རྫོང་དུ་སོང་ནས་གཞི་རིམ་བུད་མེད་བྱ་བར་རྟོག་ཞིབ་བྱས།

སུའུ་ཉིན་སོགས་མཚོ་སྔོན་བུད་མེད་གསོ་སྦྱོང་རྟེན་གཞིའི་ཡུལ་དངོས་སུ་སོང་ནས། ལག་ཤེས་བཟོ་བའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཚོ་དང་བརྩེ་བའི་གླེང་མོལ་བྱས་པ་དང་། གཞི་རིམ་བུད་མེད་ཚོའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། བུད་མེད་སྔར་ལས་མང་པོ་ལག་ཤེས་བཟོ་བར་གྱུར་ནས། ཞིང་སྡེའི་བུད་མེད་ཀྱི་ཕྱུག་བསྒྱུར་ནུས་པ་མཐོར་འདེགས་བྱེད་པ་དང་། རང་ས་གནས་ཀྱི་ལག་ཤེས་ཐོན་རྫས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་པར་སྐུལ་སློང་བྱས།

གསོ་སྦྱོང་ཡུལ་དངོས།

སུའུ་ཉིན་གྱིས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་གྱིས་བུད་མེད་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་བུད་མེད་ཕྱུག་པོར་བསྒྱུར་བ་དམིགས་འབེན་དུ་བྱེད་པ་དང་། གྲངས་ཉུང་ཡིད་རྟོན་དངུལ་བུན་བསྐྱི་བ་དང་ལས་གཞི་ལ་བརྩོན་ལེན་བྱེད་པ། རྟེན་གཞིའི་འཛུགས་སྐྲུན་དམ་འཛིན་བྱེད་པ། རྩལ་ནུས་གསོ་སྦྱོང་བྱེད་པ་བཅས་བརྒྱུད་ནས་རྒྱ་ཆེའི་བུད་མེད་ཚོས་ལས་ལམ་གསར་འབྱེད་དང་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག