མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྡོ་རྗེ་རབ་བརྟན་གྱིས་འགན་ནུས་ལག་བསྟར་ལ་ཤུགས་བསྣན་ནས།“གཞི་གསུམ”འཛུགས་སྐྲུན་གྱི་ཞབས་ཞུར་སྐུལ་འདེད་གཏོང་དགོས་ཟེར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-06 11:13

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ལྟ་ཞིབ་ཐིན་གྱིས་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྱིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྒོ་ཀུན་ནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཐིན་གྱི་འགན་ནུས་ལག་བསྟར་ལ་སྔར་ལས་ཤུགས་བསྣན་ནས། “གཞི་གསུམ”འཛུགས་སྐྲུན་གྱི་ཞབས་ཞུར་སྐུལ་འདེད་གཏོང་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ཁག་གིས་ནན་ཏན་སྒོས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས“གཞི་གསུམ”འཛུགས་སྐྲུན་གྱི་བྱ་བར་ནང་རྒྱུས་ཟབ་མོ་ཡོད་པར་བྱེད་པ། “གཞི་གསུམ”འཛུགས་སྐྲུན་གྱི་དགོངས་དོན་རྣལ་མ་ཁོང་དུ་ཆུད་པ་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གི་སྟེང་དུ་བསམ་བློ་གཅིག་གྱུར་ཡོང་བར་འབད་རྒྱུ་དང་། སྟོབས་ཤུགས་ཡོད་རྒུ་གཞི་རིམ་རྨང་གཞི་གསར་འཛུགས་ཀྱི་བྱ་བའི་སྟེང་དུ་འབུལ་བར་བརྩོན་དགོས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཐིན་གྱི་འབྲེལ་ཡོད་ལས་ཁུངས་ཁག་གིས་འགན་ནུས་ལག་བསྟར་དམ་འཛིན་ནས་རྐང་བཙུགས་ཏེ།“གཞི་གསུམ”འཛུགས་སྐྲུན་དང“གཞི་གསུམ”ཞབས་ཞུ། “གཞི་གསུམ”བྱ་བ་དོན་འཁྱོལ་ཡོང་བ་བཅས་ལ་གྲ་སྒྲིག་བཟང་བོ་བྱེད་དགོས་ན། དོན་བྱ་གསུམ་གྱི་ཐད་ཤུགས་རྒྱག་དགོས་ཏེ། གཅིག བརྟག་དཔྱད་ཞིབ་འཇུག་ཡང་དག་པ་བྱས་པའི་རྨང་གཞིའི་སྟེང་དུ་གཞི་ནས་གཞི་རིམ་ཏང་གཤིས་སྲིད་གཙང་འཛུགས་སྐྲུན་དང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་གཉིས་ཀྱི་བསམ་བློ་དང་བྱེད་ཐབས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གཉིས་ནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཐིན་གྱི་བྱ་བ་དང་“གཞི་གསུམ”འཛུགས་སྐྲུན་གྱི་ལས་སྒོ་གཉིས་ཟུང་དུ་སྦྲེལ་བར་བརྩོན་རྒྱུ། གསུམ་ནས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཐིན་གྱི་འབྲེལ་ཡོད་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་པ་བཅས་ཡིན་ཟེར།  །  

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག