མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཆི་ལེན་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པའི་ཐད་ཀྱི་ཤེས་བྱའི་འགྲན་བསྡུར་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-06 11:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་རིགས་གཞུང་དང་མི་རིགས་ཤེས་བྱ་སྔར་ལས་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་པ་དང་། འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་འཕེལ་དུ་གཏོང་བ། ཆི་ལེན་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། རིགས་སོ་སོའི་མི་དམངས་ཀྱི་བློ་རིག་དང་སྟོབས་ཤུགས་ཆེར་བསྐྱེད་ནས་ཆི་ལེན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པ་བཅས་བྱེད་ཆེད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་། ཆི་ལེན་རྫོང་རྒྱལ་ཁབ་རིམ་པའི་དག་གཙང་གི་གྲོང་གསེབ་གསར་སྐྲུན་བྱེད་པའི་གཞུང་སྒྲུབ་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཆི་ལེན་རྫོང་བུད་མེད་མཉམ་འབྲེལ་དང་གུང་གཞོན་ཚོགས་པ་ཆི་ལེན་རྫོང་ཨུ་ཡོན་ལྷན་ཁང་། རྫོང་རིག་གནས་ཅུའུ་འཕྲོད་བསྟེན་ཅུའུ་བཅས་ཀྱིས་རོགས་སྒྲུབ་བྱས་པའི“ཆི་ལེན་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་དག་གཙང་གི་གྲོབ་གསེབ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ཤེས་བྱའི་འགྲན་བསྡུར”དེ། ཉེ་ལམ་ཆི་ལེན་རྫོང་བར་འདམ་ཐང་ཆེན་ནས་བསྡུས་པ་དང་། རྫོང་ཡོངས་ཀྱི་ཞང་དང་གྲོང་བརྡལ་བདུན་དང་གཞེས་ཁུལ་གསུམ་ནས་ཡོང་བའི་འཐུས་ཚབ་རུ་ཁག་བཅུའི་འགྲན་ཞུགས་མི་སྣ་སུམ་ཅུ་ཤེས་བྱའི་འགྲན་བསྡུར་ཁྲོད་ཞུགས།

མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་དང་དག་གཙང་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ཤེས་བྱའི་འགྲན་བསྡུར་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གསར་འཛུགས་དང་རྒྱལ་ཁབ་རིམ་པའི་དག་གཙང་གི་གྲོང་གསེབ་འཛུགས་པའི་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང། གསར་འཛུགས་བྱ་བའི་དམིགས་འབེན་དང་ལས་འགན། གོ་རིམ། བྱེད་ཐབས་སོགས་དྲིལ་སྒྲོག་བྱས་ནས། མུ་མཐུད་དུ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་གསར་འཛུགས་བྱ་བའི་ཁྲོད་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་བྱེད་པ་དང་། ཐུན་མོང་གི་ལྟ་བ་ཆགས་པར་བྱེད་པ་དང་གསར་འཛུགས་ཀྱི་མཉམ་ཤུགས་གྲུབ་པར་བྱས་ཏེ། གསར་འཛུགས་བྱ་བ་བརྟན་བརླིང་དང་ཕན་ནུས་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག