མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚྭ་འདམ་གཞོང་སའི་ཐང་རྒོད་དུ་གྱུར་བཞིན་པའི་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཞི་ཉིན། གསར་འགོད་པས་མིག་སྔར་མཚོ་སྔོན་ཞིང་ཆེན་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནགས་ལས་ཅུའུ་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། གནམ་གཤིས་ཀྱི་འགྱུར་ལྡོག་དང་མིས་བཟོས་ཐབས་ཀྱིས་ལེགས་བཅོས་བྱས་པའི་ཤུགས་རྐྱེན་ཟུང་ལ་བརྟེན་ནས། ཚྭ་འདམ་གཞོང་སའི་ཐང་རྒོད་ཅན་དུ་གྱུར་ཚད་ཇེ་དལ་དུ་བཏང་ཡོད་པ་མ་ཟད། ཐང་རྒོད་དུ་འགྱུར་བཞིན་པའི་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་ཆགས་པའི་ཚྭ་འདམ་གཞོང་ས་ནི་རང་རྒྱལ་གྱི་བྱེ་འགྱུར་ས་ཁུལ་ཆེན་མོ་བརྒྱད་ཀྱི་གྲས་ཡིན་ལ། གཞོང་སའི་ནང་གི་མཁའ་དབུགས་སྐམ་ཤས་ཆེ་ལ་གྲང་ངར་ཆེ་བ་མ་ཟད། རླུང་དུས་ངེས་མེད་དུ་གཡུག་པ་དང། བྱེ་འགྱུར་གྱི་སའི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ལྷག་ཡོད་ཅིང་། དེས་མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་དོན་དྲུག་ཙམ་ཟིན་པས། དེ་ནི་རང་རྒྱལ་གྱི་བྱེ་འགྱུར་ས་ཁུལ་དག་ལས་མཚོ་ངོས་ལས་ཆེས་མཐོ་ཤོས་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་ཁྱབ་རྒྱ་ཆེས་ཆེ་བའི་ས་ཁུལ་ཡང་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག