མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་ཚོགས་ཀྱི2014ལོའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་གྲོས་ཞིབ་ཚོགས་འདུ་ཟི་ལིང་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་ཚོགས་ཀྱི2014ལོའི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱེད་པའི་གྲོས་ཞིབ་ཚོགས་འདུ་ཟླ་བརྒྱད་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན། ཀྲུང་དབྱང་ཡིག་ཚགས་ཞིབ་འཇུག་ཁང་གི་ཀྲུའུ་རིན། ཀྲུང་གོའི་ཚན་རིག་སྤྱི་ཚོགས་རིང་ལུགས་སློབ་ཚོགས་ཀྱི་ཚོགས་གཙོ་ལིན་རོང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་ཝང་ཅན་ཅོན་གཉིས་མགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས། ལིན་རོང་གིས་བརྗོད་དོན་སྙན་ཞུ་ཕུལ། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་མ་ལག་ཐད་ཕུན་སུམ་ཚོགས་པའི་ནང་དོན་གསར་བ་ཁ་སྣོན་བྱས་པ་དང་། བཅོས་བསྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་དུ་གཏོང་བའི་ལག་ལེན་གསར་བའི་ཁྲོད་བླངས་པའི་རིགས་གཞུང་ཐད་ཀྱི་གྲུབ་འབྲས་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ཞིབ་འཇུག་ནན་མོ་བྱེད་ན། མ་རྩོམ་ཞིབ་ཀློག་དང་དགོངས་དོན་ལ་གོ་བ་ཟབ་མོ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཏང་དང་རྒྱལ་ཁབ་ལས་དོན་གྱི་ཕྱོགས་སོ་སོའི་བྱ་བའི་ཐད་ཀྱི་ལྟ་བ་གཙོ་བོ་རྒྱུས་ལོན་བྱེད་པའི་སྟེང་ཤུགས་འདོན་དགོས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ཐད་ཀྱི་བསམ་བློ་གལ་ཆེན་དང་འཐབ་ཇུས་བྱེད་ཐབས་ལ་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་དང་དེ་ཁོང་དུ་ཆུད་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་དང་ལག་ལེན་ཐད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་དགོས་ལ། གནད་དོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རིགས་གཞུང་དང་དོན་དངོས་གཉིས་འབྲེལ་འདྲིས་བྱེད་པར་དོ་སྣང་བྱས་ནས། བཅོས་བསྒྱུར་སྒོ་འབྱེད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གནད་དོན་ཆེན་པོར་ཞིབ་འཇུག་དང་བསམ་གཞིགས་གཏོང་དགོས་ཟེར།

ཝང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྨོན་འདུན་ཞུས་བ་དང་། མཚོ་སྔོན་གྱི་གནས་ཚུལ་དང2013ལོའི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་གནས་ཚུལ་དང་། མཚོ་སྔོན་གྱིས་ཚན་རིག་གི་སྤྱི་ཚོགས་རིང་ལུགས་འཚོལ་ཞིབ་དང་ཞིབ་འཇུག་བྱེད་པའི་ཐད་ནས་སྒྲུབ་པའི་བྱ་བ་མཚམས་སྦྱོར་མདོར་བསྡུས་བྱས།

ཚོགས་ཞུགས་འཐུས་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱེད་པར་དམིགས་ནས། དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས། རིག་གནས། སྐྱེ་ཁམས། ཏང་འཛུགས། རྒྱལ་སྲུང་། ཚན་རྩལ་སོགས་ཕྱོགས་སོ་སོ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་གསར་བར་སྐུལ་འདེད་བྱེད་པའི་ཐད་ནས་ཞིབ་བསྡུར་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག