མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣར་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་བརྒྱུད་སྒྲོག་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་དམངས་གཙོའི་ཏང་ཁག་དང་ཞིང་ཆེན་བཟོ་ཚོང་མནའ་མཐུན། ཏང་ཁག་གང་ལ་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ཀྱི་འབྲེལ་ཡོད་མི་སྣ་བཅས་ལ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་པུའུ་ཀྲང་བསྟན་ཁོས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྣམ་རྒྱལ་དང་མ་ཀྲི་བེ། མ་ཁྲང་ཆིན། གཟིམ་ཁང་ཚང་བཅས་གྲོས་ཚོགས་ལ་ཞུགས།

ཏང་ཕྱིའི་འཐུས་ཚབ་མི་སྣ་ཚོས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་ངོས་ཟིན་ལྷག་ལུས་མེད་པར་བཤད་པ་མ་ཟད། རང་སྟེང་གི་དངོས་ཡོད་བྱ་བ་དང་ཟུང་དུ་སྤྲེལ་ནས་བསམ་འཆར་བཏོན། ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། སྒོ་ཀུན་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཧུར་བརྩོན་ཆེན་པོས་ཁུལ་གསུམ་གསར་འཛུགས་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ལ་འབད་ཀྱིན་པའི་གནད་འགགག་གི་དུས་སྐབས་སུ་སྤེལ་བའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ཟེར། ལོ་སྨད་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། མགྱོགས་མྱུར་ངང་བྱེད་སྒོ་སྣ་མང་སྤེལ་བ་དང་སྟ་གོན་གྱི་བྱ་བ་ཚགས་སུ་ཆུད་པར་བྱེད་པ། བསམ་བློ་དང་སྦྱོར་བ་གཉིས་ཞིང་ཆེན་ཏང་ཨུས་གཏན་འབེབས་བཟོས་པའི་དམིགས་འབེན་གྱི་སྟེང་དུ་གཅིག་གྱུར་ཡོང་བར་འབད་དེ། སྲིད་ཞུགས་སྲིད་གླེང་གི་བྱ་གཞག་སྟེང་དུ་རིག་ལམ་གསར་བ་དང་བྱེད་ཕྱོགས་གསར་བ་འདོན་རྒྱུར་འབད་འཐབ་བྱ་དགོས་ཟེར།

བསྟན་ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་དང་། དམངས་གཙོའི་ཏང་ཁག་སོ་སོ་དང་རྒྱ་ཆེ་བའི་ཏང་ཕྱིའི་མི་སྣ་བཅས་ཀྱིས་རང་སྟེང་གི“གཞི་གསུམ”འཛུགས་སྐྲུན་བྱ་བ་དམ་འཛིན་བྱེད་པ། རྩ་འཛུགས་བྱ་བ་དང་འཇོན་ནུས་གསོ་སྐྱོང་བཅས་ཀྱི་ཐད་སྔར་ལས་ཤུགས་བསྣན་ནས། དམངས་གཙོ་ལྟ་སྐུལ་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་ཐུབ་དགོས་ཟེར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་སྙོམ་སྒྲིག་དང་ཁྱབ་ཁོངས་མཐུན་སྦྱོར་འཕེལ་རྒྱས། དམངས་འཚོ་བདེ་སྡོད་བཟོ་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། སྒོ་ཀུན་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། སྤྱི་ཚོགས་གཙང་བཅོས་ཀྱི་བྱེད་ནུས་མཐོར་འདེགས་སོགས་ལས་གཞི་གལ་ཆེན་བཅས་ལ་དམིགས་བཙུགས་ཏེ། མཚོ་སྔོན་གྱི་ལས་རིགས་སོ་སོའི་ཁྱབ་ཁོངས་ལ་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་འདུན་བཏོན།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག