མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ལིན་ཅོན་གྱིས་ནམ་ཡང་ཏང་གཤིས་ཆེས་དྲག་པའི་ལས་བྱེད་པ་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-05 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཉིས་སྟོང་བཅུ་གསུམ་ལོའི་ལོ་སྨད་དང་ཉིས་སྟོང་བཅུ་བཞི་ལོའི་ལོ་སྟོད་བར་གསར་དུ་བསྐོས་པའི་ཁུལ་དང་ཐིན་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་། རྫོང་ཏང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་ཀྱི་མགོ་ཁྲིད་ཚན་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་མི་བརྒྱ་དང་བཅུ་གཉིས་ལ་ཏང་གཤིས་སློབ་གསོའི་བྱ་འགུལ་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ལིན་ཅོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཝང་ལིན་ཅོན་གྱིས་བསྟན་དོན། ཏང་གཤིས་སློབ་གསོ་ནི་ང་ཚོའི་ཏང་གི་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་ནང་དོན་གཙོ་བོ་ཡིན་ལ། ལས་བྱེད་པ་བཟང་བོ་སྐྱེད་སྲིང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། གསར་དུ་བསྐོས་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པར་ཏང་གཤིས་སློབ་གསོ་སྤེལ་བ་ནི། སྔོན་རབས་པ་དག་གིས་འདས་པའི་དུས་སུ་དཀའ་སྤྱད་སྡུག་རུས་དང་འབད་འབུངས་ཧུར་ཐག་བྱས་པ་ལས་བསྐྲུན་པའི་མཛད་རྗེས་དངོས་སུ་སེམས་ནས་མྱོང་བའི་བསམ་བློའི་བློ་སྦྱོང་ཐེངས་ཤིག་ཡིན་ཟེར།

ཝང་ལིན་ཅོན་གྱིས་ནན་གྱིས་བསྟན་དོན། ཏང་གཤིས་ཆེས་དྲག་པའི་ལས་བྱེད་པ་བཟང་བོ་ཞིག་བྱེད་དགོས་ན། ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་ཡིད་ལ་བཅངས་ནས་ཆབ་སྲིད་ཀྱིས་བསྩལ་བའི་རང་འཁྲི་དུས་ལྟར་ཡོངས་འགྲུབ་བྱེད་པ་དང་། ལས་བྱེད་པའི་མ་མཐའི་སྤྱོད་ཚུལ་དམ་སྲུང་བྱས་ནས། ཡོད་ཚད་དམངས་ཀྱི་ཆེད་དུ་ཡིན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བློ་གྲོས་ཉིང་བཅུད་བསྡུ་ལེན། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་དང་སྐྱིད་སྡུག་བསམ་ནས། འོས་འགན་ཕྲག་ཏུ་ལེན་ཕོད་པ་དང་ཆོས་ཉིད་ལ་ངོས་འཛིན་ཡང་དག་བྱེད་པ། གསར་སྐྲུན་བྱེད་ཕོད་པ་བཅས་མི་ཚེ་གང་བོར་སློབ་སྦྱོང་བྱེད་དགོས་པའི་སྙིང་རུས་ཡིད་ལ་བརྟན་པོར་བཅངས་ནས། ནན་ཏན་སྒོས་གཞི་གསུམ་བྱ་བར་བཀོད་སྒྲིག་མཐའ་འཁྱོལ་དང་། སློབ་སྦྱོང་བྱས་པ་བརྒྱུད་ནས་ལས་རྐང་གི་གཞི་རྩའི་ནུས་པ་མཐོར་འདེགས་སུ་བཏང་ཐོག མི་དམངས་ལ་གུས་བཀུར་དང་དབང་ཤུགས་ལ་དད་གུས། ཁྲིམས་ལུགས་ལ་གུས་བརྩི་བཅས་ཡོད་པའི་ལས་བྱེད་པ་བཟང་བོ་ཞིག་བྱེད་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག