མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“སྦྲང་ཆར་འཆར་འགོད”ལག་བསྟར་བྱས་པ་ལས་མཚོ་ལྷོ་ཁུལ་གྱི་དབུལ་ཕོངས་སློབ་མ479ལ་ཕན་ཁེ་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-05 10:21

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་བར“སྦྲང་ཆར་འཆར་འགོད”ལག་བསྟར་བྱེད་པའི་སྟེགས་བུར་བརྟེན་ནས།  དབུལ་ཕོངས་མང་ཚོགས་རྣམས་ཀྱི་ནུས་རྩལ་མཐོར་འདེགས་སུ་གཏོང་བ་དང་།  རང་ཤུགས་ཀྱི་འཕེལ་རྒྱས་བྱེད་པའི་ནུས་ཤུགས་ཇེ་མཐོར་འགྲོ་བར་རོགས་སྐྱོར་བྱས་པ་མ་ཟད།  ད་དུང་དབུལ་ཕོངས་དུད་ཁྱིམ་གྱི་བུ་བུ་མོར་སློབ་གནས་ཐོབ་པ་དང་ལག་རྩལ་སྣ་གཅིག་གམ་ཡང་ན་སྣ་མང་སློབ་སྦྱོང་བྱེད་པར་སྐུལ་འདེད་བྱས་པ་བརྒྱུད།  “མི་གཅིག་ལ་གསོ་སྦྱོང་བྱས་ཚེ། མི་གཅིག་ལ་ལས་གནས་ཐོབ་པ་དང་།  དུད་ཁྱིམ་གཅིག་དབུལ་ཕོངས་ལས་ཐར་བའི”དམིགས་འབེན་ལེགས་འགྲུབ་བྱུང་། 2014ལོར“སྦྲང་ཆར་འཆར་འགོད”ལས་སློབ་ཞུགས་རོགས་སྐྱོར་ལག་དངུལ་སྒོར་ཁྲི95.8བརྩོན་ལེན་བྱས་པ་དང་། སློབ་མས་སྙན་ཞུ་ཕུལ་བ་དང་སྡེ་བ་དང་།  ཤང་རིམ་པའི་ཞིབ་བཤེར་བྱེད་པ།  རྫོང་རིམ་པའི་ཞིབ་བཤེར་གཏན་འབེབས་བྱེད་པའི་གོ་རིམ་ལྟར། 2013ལོར“སྦྲང་ཆར་འཆར་འགོད”ལས་རོགས་སྐྱོར་ཐོབ་པའི་དབུལ་ཕོངས་སློབ་མ479ཡི་མུ་མཐུད་དུ“སྦྲང་ཆར་འཆར་འགོད”ཀྱི་ལས་རིགས་སློབ་གནས་སློབ་གསོའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་མྱོང་གི་འཇུག་རྒྱུ་ཡིན་པ་དང་།  མི་རེར་ཁ་གསབ་རོགས་དངུལ་སྒོར2000འགྲེམ་གཏོང་བྱེད་རྒྱུ་རེད།

“སྦྲང་ཆར་འཆར་འགོད”ལས་ལས་རིགས་སློབ་གནས་སློབ་གསོའི་ཁ་གསབ་རོགས་སྐྱོར་ལག་བསྟར་བྱས་པ་བརྒྱུད།  སྔར་ལས་ལྷག་པར་རོང་འབྲོག་པ་མང་ཚོགས་དབུལ་བོར་གསོ་སྦྱོང་ལ་ཞུགས་པར་སྐུལ་འདེད་བྱས་པ་དང་། རྒྱ་ཆེའི་དབུལ་ཕོངས་ས་ཁུལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག