མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་ལ་ཁ་པར་བཏང་སྟེ་འཚམས་འདྲི་ཞུ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-05 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུན་ནན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་ལ་ཁ་པར་བཏང་སྟེ་འཚམས་འདྲི་ཞུ་བ།

ཀྲུང་གུང་ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་།

ཟླ8པའི་ཚེས3ཉིན་ཡུན་ནན་ཞིང་ཆེན་ཧྲའོ་ཐོན་གྲོང་ཁྱེར་ལའོ་ཏན་རྫོང་ལ་ཚད་རིམ6.5ཡི་ས་འགུལ་བྱུང་བ་དང་།  ས་དེའི་ཐོན་སྐྱེད་འཚོ་བར་གནོད་འཚེ་ཆེན་པོ་ཐེབས་པས།  གནོད་ཐེབས་ས་ཁུལ་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་ཐེབས།  དེར་བརྟེན་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚོའི་ཚབ་བྱས་ཏེ་ཁྱེད་ཅག་དང་གནོད་ཐེབས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ལ་ལྷག་བསམ་འཁོར་བའི་འཚམས་འདྲི་ཞུ་བ་མ་ཟད།  གནོད་འགོག་རྒུད་སྐྱོར་ཀྱི་ལས་སུ་ཞུགས་པའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཚད་མཐོ་བའི་གུས་སེམས་ཕུལ།

ཐེངས་འདིའི་ཡུན་ནན་ཞིང་ཆེན་ལ་ས་འགུལ་བྱུང་བ་དེས་རང་ཞིང་གི་རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཁུར་བྱེད་ཀྱིན་ཡོད་ལ།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བྱས་འོག  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧེ་ཉིན་དང་ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་སོ་སོས་མྱུར་ཏུ་འཚུབ་བསྟུན་མྱུར་སྐྱོར་བྱེད་པའི་གྲ་སྒྲིག་བྱ་བ་ལེགས་པོ་སྒྲུབ་དགོས་པ་དང་།  སྤྱི་བདེ་མེ་འགོག་དང་སྨན་བཅོས་འཕྲོད་བསྟེན།  དྲག་ཆས་དམག་དཔུང་སོགས་ས་འགུལ་བྱུང་སར་སོང་ནས་མྱུར་སྐྱོར་བྱ་བའི་ལས་སུ་ཞུགས་པའི་གྲ་སྒྲིག་བྱ་བ་སྒྲུབ་དགོས་པ་བཅས་ང་ཚོས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གནོད་འགོག་རྒུད་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།

ས་འགུལ་ལ་སྙིང་རྗེ་མེད་ཀྱང་མི་ལ་སྙིང་རྗེ་ཡོད་ཞེས་དཔེ་ལྟར།  དུས་ཡུན་རིང་བོར་ནང་ཡུན་ནན་ཞིང་ཆེན་གྱིས་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་པ་དང་།  ནང་སྒོས་སུ་རང་ཞིང་གི་ཡུས་ཧྲུའུ“4·14”ས་འགུལ་གྱི་གནོད་འགོག་རྒུད་སྐྱོར་དང་གནོད་ཕྱིའི་བསྐྱར་སྐྲུན་ཁྲོད་རྒྱབ་སྐྱོར་ཆེན་པོ་གནང་བར་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་དུས་ནམ་ཡིན་ཡང་བརྗེད་མི་སྲིད།

ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡང་དག་པའི་འགོ་ཁྲིད་དང་ཐུགས་ཁུར་རྒྱབ་སྐྱོར་དང་།  རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་ཆེན་པོ་བྱེད་པ་དང་།  ལྷག་པར་ཏུ་ཡུན་ནན་ཞིང་ཆེན་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ལྡོག་རྩ་གཅིག་སྒྲིལ་བྱས་ཏེ་འབད་པ་བྱས་འོག  གནོད་འགོག་རྒུད་སྐྱོར་ལས་རྒྱལ་ཁ་ཐོབ་པར་ཡིད་ཆེས་བརྟན་པོ་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག