མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་ལག་ལེན་མཐར་ཕྱིན་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-05 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ལས་ཁུངས་ལས་བྱེད་པའི་ཚོགས་ཆེན་བསྡུས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་མ་ཟད་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་རེ་བ་བཏོན།

མུའུ་ཏུང་ཧྲིན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ན། གཙོ་བོ་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས་པ་དང་། “རྨང་གཞི་གསུམ”འཛུགས་སྐྲུན་གྱི་དམིགས་འབེན་བྱེད་ཐབས་ལ་རྒྱུས་ལོན་ཡང་དག་བྱས་ནས། “རྨང་གཞི་གསུམ”འཛུགས་སྐྲུན་དང་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་གཉིས་ཟུང་འབྲེལ་དམ་པོ་བྱས་ཏེ། བཀོད་སྒྲིག་ཞིབ་མོ་དང་ཤུགས་འདོན་པ་དང་། གསར་བསྐྲུན་གོང་འཕེལ་དུ་གཏོང་དགོས་བ་དང་། “རྐང་འཛུགས་ས་གསུམ”དམ་འཛིན་བྱེད་པ་སྟེ། ཏང་ཀྲི་པུའུ་ཡི་འཛུགས་སྐྲུན་རྐང་འཛུགས་སར་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལམ་ལུགས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ་རྐང་འཛུགས་སར་བྱས་ཏེ། དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་བྱ་བ་སྔར་ལས་གོ་རིམ་ལྡན་པ་དང་ཕན་འབྲས་ཡོད་པར་སྐུལ་འདེད་བྱེད་་པ་དང་། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་འཛུགས་སྐྲུན་རྐང་འཛུགས་སར་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཐད་ནས་བབ་བསྟུན་མདུན་བསྐྱོད་བྱེད་དགོས། བཅོས་བསྒྱུར་དང་ཁྲིམས་འཛུགས། ལྟ་སྐུལ། འཐུས་མི། ཕན་ནུས། སྤྱོད་ཚུལ་བསྒྱུར་བ་བཅས་ཀྱི་རྨང་གཞིའི་བྱ་བ་དྲུག་ལག་བསྟར་བཟང་བོ་བྱས་ནས། ཧུར་ཐག་གིས་ལས་ཁུངས་ཀྱི་ལས་བྱེད་པའི་ཕན་ནུས་འདུ་ཤེས་དང་བྱ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། འགན་ནུས་ལག་བསྟར་དང་བཅོས་བསྒྱུར་གསར་སྤེལ་ཐད་ནས་གྲུབ་འབྲས་གསར་བ་ལེན་པ། ཞབས་ཞུའི་རྒྱུ་སྤུས་དང་བྱ་བའི་ལས་ཆོད་མཐོར་འདེགས་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་དང་ཞབས་ཞུའི་འགན་སྲུང་ཐད་ཀྱི་ཆུ་ཚད་མཐོར་འདེགས་བྱེད་པ་བཅས་བྱེད་དགོས་ཟེར།

མུའུ་ཏུང་ཧྲིན་གྱིས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་། ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པའི་ནུས་པ། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ནུས་པ། བཅོས་བསྒྱུར་གསར་སྤེལ་གྱི་ནུས་པ་བཅས་མཐོར་འདེགས་བྱས་ནས། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཧུར་ཐག་གིས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག