མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཡུན་ནན་ལའོ་ཏན་ས་ཁུལ་གྱི་གནོད་འགོག་རྒུད་སྐྱོར་བྱ་བར་རོགས་སྐྱོར་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-05 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས3ཉིན།  ཡུན་ནན་ཞིང་ཆེན་ཧྲའོ་ཐོན་གྲོང་ཁྱེར་ལའོ་ཏན་རྫོང་ལ་ཚད་རིམ6.5ཡི་ས་འགུལ་བྱུང་ཞིང་། ས་འགུལ་ལས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་ཐེབས།  ཟླ8པའི་ཚེས4ཉིན་གྱི་ཕྱི་དྲོར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་ལས་ཤེས་གསལ་བྱུང་བ་ལྟར་ན།  ས་འགུལ་བྱུང་རྗེས་ཞིང་ཆེན་ཏང་ཨུ་དང་།  ཞིང་ཆེན་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་འོག  མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་དུས་ཐོག་ཏུ་གྲོས་ཚོགས་བསྡུས་ནས་གནོད་འགོག་རྒུད་སྐྱོར་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད།  གནོད་ཐེབས་ས་ཁུལ་ལ་སྒོར་ཁྲི10ཡི་ཞལ་འདེབས་ལག་དངུལ་ཕུལ།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་དམག་གསུམ་ལས་ཁུངས་དང་།  ཁེ་ལས་ལས་ཁུངས།  སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་བྱམས་ལྡན་མི་སྣ་སོགས་ལ་འབོད་སྐུལ་བཏང་སྟེ།  ཀྲུང་ཧྭ་མི་རིགས་ཀྱི“ཕྱོགས་གཅིག་ལ་དཀའ་ཁག་ཡོད་ཚེ། ཕྱོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་དགོས་པའི”སྲོལ་རྒྱུན་བཟང་པོ་དར་སྤེལ་བྱས་ནས་བྱམས་སེམས་ཕུལ་དགོས་པ་དང་།  གནོད་ཐེབས་ས་ཁུལ་གྱི་གནོད་འགོག་རྒུད་སྐྱོར་བྱེད་པར་རོགས་སྐྱོར་བྱེད་པ་དང་ཁོ་ཚོ་སྔ་མོ་ནས་དཀའ་ཁག་ལས་ཐར་བར་སྟོབས་ཤུགས་ཕུལ་དགོས་ཞེས་བསྟན།

ཟླ8པའི་ཚེས4ཉིན་གྱི་ཕྱི་དྲོའི་དུས་ཚོད6བར།  མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཚོགས་སྟེང་གི་བྱམས་ལྡན་མི་སྣ་དང་ལས་ཁུངས་ཀྱི་ལས་བྱེད་པས་བྱམས་སེམས་ཕུལ་བའི་ཞལ་འདེབས་ལག་དངུལ་སྒོར6550དང་ལེན་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག