མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལས་ཁུངས་ཀྱི་ལས་བྱེད་པའི་ཚོགས་ཆེན་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་པའོ་དབྱི་ཀྲི། མཱ་ཀྲི་ཝེ། ཅི་རིན་ཧྥུན། གཟིམ་ཁང་ཚང་། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཡོངས། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་བཅས་གྲོས་ཚོགས་ལ་ཞུགས། ཁྲིན་ཙི་ཆོན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་བྱས།

རིན་ཆེན་རྒྱལ་གྱིས་ཞིང་ཆེན་སྲིད་གྲོས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་རེ་བ་བཏོན། ཁོས་ནན་གྱིས་བསྟན་དོན། “གཞི་གསུམ”བྱ་བ་ནི་གཞི་རྩར་དོ་དམ་དང་ཡུན་རིང་ལ་དོ་དམ་བྱེད་པའི་རྨང་གཞི་རང་བཞིན་གྱི་བྱ་བ་ཡིན་ལ། དེ་གསུམ་པོའི་བར་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་ལ་ནུས་པ་འདོན་བཞིན་ཡོད་པས། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དུ“གཞི་གསུམ”གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། མགོ་ཁྲིད་ཚན་ཆུང་བཙུགས་ནས། “གཞི་གསུམ”བྱ་བའི་ཐད་ནས་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། “གཞི་གསུམ”བྱ་བར་དམ་འཛིན་བྱེད་མཁན་དང་དོ་དམ་བྱེད་མཁན་ཡོད་པའི་བྱ་བའི་རྣམ་པ་ཆགས་པར་བྱེད་དགོས་པ་དང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྔོན་བསྐྱོད་དཔེ་མཚོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཧུར་ཐག་གིས“གཞི་གསུམ”འཛུགས་སྐྲུན་གྱི་མདུན་གྲས་སུ་བསྐྱོད་དགོས་ལ། “གཞི་གསུམ”ཤེས་བྱར་སློབ་སྦྱོང་བྱེད་པ་བརྒྱུད་ནས། སྡེ་ཁག་སོ་སོའི་མགོ་ཁྲིད་དང་པོའི་ཚན་རིག་ལྟར་ཐབས་ཇུས་འགོད་པའི་ཆུ་ཚད་དང་ནུས་པ། བྱ་བའི་ལག་བསྟར་ནུས་ཤུགས་བཅས་མཐོར་འདེགས་བྱེད་དགོས། ལས་ཁུངས་ཀྱིས་ཁྱད་ཆོས་དང་དངོས་ཡོད་གནས་ཚུལ། མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་བཅས་དང་ཟུང་འབྲེལ་བྱས་ནས། ནན་ཏན་གྱིས་དབྱེ་ཞིབ་དང་རྟོག་ཞིབ་བྱེད་པ་དང་། སྲིད་གྲོས་ལས་ཁུངས་ཀྱི“གཞི་གསུམ”འཛུགས་སྐྲུན་ཁྲོད་གནས་པའི་གནད་དོན་ལ་ཁ་གཏད་ནས། ཐག་གཅོད་བྱེད་ཐབས་འདོན་དགོས་ཏེ། གཙོ་བོར“གཞི་གསུམ”འཛུགས་སྐྲུན་དང་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་གི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་པའི་ཐད་དམིགས་ནས་ཐག་གཅོད་བྱེད་ཐབས་དང་བསམ་འཆར་བཏོན་ནས། སྲིད་གྲོས་ཀྱི་བྱ་བའི་ལས་ཆོད་དང་། སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་གི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག