མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱིས་ཚོགས་མིའི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱིས་ཚོགས་མིའི་གྲོས་ཚོགས་ཐེངས་བརྒྱད་པ་དེ་གྲོང་ཁྱེར་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ནི་ཞིང་ཆེན་ཡོངས་ལ་ཁ་གཏད་པའི་ན་གཞོན་ཁེ་ལས་པའི་སྡེ་ཡིས་གྲུབ་པ་ཞིག་ཡིན་ལ། གཅིག་དགུ་གྱ་བདུན་ལོར་དངོས་སུ་བཙུགས་པ་དང་། མིག་སྔའི་བར་དུ་ཁྱོན་བསྡོམས་ཚོགས་མི་ཉིས་བརྒྱ་དང་བཅུ་གཉིས་ཡོད། གྲོས་ཚོགས་ལས«མཚོ་སྔོན་ཞིང་ཆེན་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱི་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་ཀྱི་སྙན་ཞུར»གྲོས་འཆམ་བྱུང་བ་མ་ཟད། «མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱི་སྒྲིག་ཡིག»བཟོ་བཅོས་བྱས། གྲོས་ཚོགས་ལས་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱིས་ཏང་སྲིད་བྱ་བའི་ཆེ་ཕྱོགས་དང་ན་གཞོན་ཁེ་ལས་པ་འཚར་ལོངས་འབྱུང་བར་ཞབས་འདེགས་ཞུ་རྒྱུ་དེ་དམིགས་ཡུལ་དུ་བཟུང་ནས། ན་གཞོན་ཁེ་ལས་པའི་ལས་ཞུགས་གསར་སྐྲུན་གྱི་བྱ་བར་རྒྱུན་ཆད་མེད་པར་ཞབས་འདེགས་བཟང་བོ་ཞུ་བ་དང་། ལས་ཞུགས་གསར་སྐྲུན་བྱེད་མཁན་གྱི་ན་གཞོན་ཁེ་ལས་པར་མ་དངུལ་དང་ལག་རྩལ། སྲིད་ཇུས་བཅས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་གང་ལེགས་བྱེད་དགོས་པ་མ་ཟད། ཁེ་ལས་པ་ཧུར་བརྩོན་ཆེན་པོས་སྤྱི་ཚོགས་ཀུན་ཕན་ཞབས་ཞུའི་ལས་འགུལ་ཁྲོད་ཞུགས་པར་སྣེ་ཁྲིད་དང་། ཁེ་ལས་ཀྱི་ཁྲོད་ནས་ལང་ཚོའི་གསོན་སྟོབས་འབར་བའི་འཇོན་ཐང་ཅན་གསོ་སྐྱོང་བྱེད་པ། ཧུར་བརྩོན་ཆེན་པོས་སློབ་སྦྱོང་སྣ་མང་བྱེད་སའི་སྟེགས་བུ་ཆེན་པོ་བསྐྲུན་པ། རང་སྟེང་གི་ཕྱོགས་བསྡུས་སྤུས་ཚད་ཇེ་མཐོར་གཏོང་བ། རྩ་འཛུགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁེ་ལས་པར་ཟབ་སྦྱོང་དང་བསམ་བློ་བརྗེ་རེས་བྱེད་རྒྱུར་ཤུགས་སྣོན་པ། ཁེ་ལས་པའི་མཐོང་རྒྱ་ཐོས་རྒྱ་བསྐྱེད་པ་དང་ལས་རིགས་འཕེལ་རྒྱས་སུ་གཏོང་བ་བཅས་ཕྱོགས་དུ་མར་འབད་འབུངས་བྱས་མཐར། ཁེ་ལས་པའི་སྡེ་ཡི་ཚོགས་མི་ཕན་ཚུན་བར་རོགས་རེས་དང་མཉམ་ལས་ཀྱི་འབྲེལ་བ་གྲུབ་པར་བྱེད་དགོས། རྒྱ་ཆེ་བའི་ན་གཞོན་ཁེ་ལས་པ་རྣམས་ཀྱིས་ཁུལ་གསུམ་འཛུགས་སྐྲུན་གྱི་གདོང་མཆོང་པ་དང་། སྤྱི་ཚོགས་བརྟན་འཇགས་བྱ་གཞག་གི་སྲུང་སྐྱོབ་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་དུ་བསྟར་མཁན། མཚོ་སྔོན་ན་གཞོན་ཁེ་ལས་པའི་མིག་དཔེར་འཛིན་ས་བཅས་ལ་འགྱུར་བར་འབད་འཐབ་བྱ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག