མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཧི་ནན་གསོ་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ60འཁོར་པའི་དགའ་སྟོན་རྟེན་འབྲེལ་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-04 10:39

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ8པའི་ཚེས3ཉིན་སྔ་དྲོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ60འཁོར་བའི་དགའ་སྟོན་རྟེན་འབྲེལ་ཚོགས་ཆེན་ནམ2014ལོའི“ན་ཏ་མའི”སྤྲོ་ཚོགས་རྨ་ཆུའི་འགྲམ་རྒྱུད་ཀྱི་ཐིན་གུ་ལོས་རྟ་རྒྱུག་འགྲན་ར་རུ་བསྡུས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མི་རིགས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྟེན་འབྲེལ་ཚོགས་པ། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཆོགས་པའི་ཚོགས་གཙོ་ཐེན་ལན་ཀང་དང་། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོའམ།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་བོ་བཅས་འབྲེལ་ཡོད་འགོ་ཁྲིད་དང་། སྐུ་མགྲོན། ཧི་ནན་རྫོང་གི་རིགས་སོ་སོའི་མང་ཚོགས་འཐུས་མི་རྣམས་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་རྟེན་འབྲེལ་ཚོགས་པའི་ཚོགས་གཙོའམ།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སློབ་གསོ་ཚན་རིག་སུའི་སུ་ཀྲང་ཐེན་ལན་ཀང་གིས་རྟེན་འབྲེལ་ཚོགས་ཆེན་སྟེང་ཤིས་ཚིག་ཕུལ་བ་དང་།  ཧི་ནན་རྫོང་གི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུ་བ་དང་འཚམས་འདྲི་བྱས་པ་དང་ཧི་ནན་རྫོང་གི་འཛུགས་སྐྲུན་དང་བཅོས་བསྒྱུར། འཕེལ་རྒྱས་ཕྱོགས་ལ་བྱས་རྗེས་བཞག་མྱོང་བའི་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས། ཧི་ནན་རྫོང་བཙུགས་ནས་ལོ་ངོ60རིང་ལ་བླངས་བའི་རླབས་ཆེན་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་ཐོག  རྫོང་འདིའི་རིགས་སོ་སོའི་མི་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གཙོ་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ནས་མཐུན་སྒྲིལ་བྱས་ཏེ།  མུ་མཐུད་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་རྒྱུ་དང་།  མུ་མཐུད་དུ་ཧི་ནན་རྫོང་གི་སྤྱི་ཚོགས་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས་པ་དང་།  མུ་མཐུད་དུ་ཧི་ནང་རྫོང་གི་མི་རིགས་མཐུན་སྒྲིལ་སྔོན་ཐོན་བྱ་གཞག་ལ་བྱས་རྗེས་གསར་བ་འཇོག་དགོས་པའི་བླང་བྱ་བཏོན།  །

དགའ་སྟོན་རྟེན་འབྲེལ་བྱ་འགུལ་སྤེལ་བའི་ཡུལ་དངོས་རྣམ་པ།
རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།
རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག