མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་གསར་བསྐོས་ལས་བྱེད་པའི་གཅིག་བསྡུས་སྲིད་གཙང་གླེང་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཞིང་ཆེན་གྱིས་དོ་དམ་བྱེད་པའི་གསར་བསྐོས་ལས་བྱེད་པའི་གཅིག་བསྡུས་སྲིད་གཙང་གླེང་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། གཅིག་བསྡུས་ཀྱིས་སྲིད་གཙང་གླེང་མོལ་བྱེད་པ་དེས་གསར་བསྐོས་མགོ་ཁྲིད་ལས་བྱེད་པར་འགན་འཁུར་མ་ཐག་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འབྲེལ་ཡོད་གཏན་ཁེལ་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་བླངས་ནས། ཆབ་སྲིད་ཀྱི་འདུ་ཤེས་མཐོན་པོ་རྒྱུན་འཁྱོངས་བྱེད་དགོས་པ་ཏེ། གཅིག དམིགས་ཡུལ་འདུ་ཤེས་བརྟན་པོར་བཅངས་དགོས་པ་དང་། གཉིས། སྲིད་དོན་གཙང་སྐྱོང་ཐད་ཀྱི་བླང་བྱར་བརྩི་སྲུང་ནན་མོ་བྱེད་དགོས་པ། གསུམ། འགན་ཁུར་ཕོད་དགོས་པ་བཅས་ཀྱི་རེ་བ་བཏོན་ཡོད་ཟེར།

གསར་བསྐོས་མགོ་ཁྲིད་ལས་བྱེད་པ་ཚོས་ཚོགས་འདུ་མ་ཚོགས་སྔོན་ལ་ད་དུང་ཉེན་བརྡའི་སློབ་གསོ་རྟེན་གཞི་རུ་ལྟ་སྐོར་བྱས་པ་དང་། གསར་བསྐོས་མགོ་ཁྲིད་ལས་བྱེད་པའི་འཐུས་མི་བཞི་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་བ་མ་ཟད། སྲིད་གཙང་གླེང་མོལ་ཚོགས་འདུར་ཞུགས་པའི་གསར་བསྐོས་མགོ་ཁྲིད་ལས་བྱེད་པ་ཚོས་སྲིད་གཙང་ལ་བརྩོན་པ་དང་འགན་ནུས་ལག་བསྟར་བྱེད་པ། དབང་ཆ་དྲང་གཞག་གིས་སྤྱོད་པའི་ཐད་ནས་ཡིག་ཐོག་སྲིད་གཙང་དམ་བཅའ་བཞག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག