མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིང་ཆེན་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱིས་ཐེངས་བརྒྱད་པའི་ཁོངས་མིའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-04 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  མཚོ་སྔོན་ཞིང་ཆེན་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཀྱི་ཐེངས་བརྒྱད་པའི་ཁོངས་མིའི་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སའོ་ཉིན་ཚོགས་འདུར་ཞུགས།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ནི་ཞིང་ཆེན་རང་བཞིན་གྱི་ན་གཞོན་ཁེ་ལས་པའི་མང་ཚོགས་རྩ་འཛུགས་ཞིག་ཡིན་ལ། 1987ལོ་བཙུགས་པ་དང་ད་ལྟ་ཚོགས་ཞུགས་ཁོངས་མི212ཡོད།  ཚོགས་འདུ་ལས《མཚོ་སྔོན་ཞིང་ཆེན་ན་གཞོན་ཁེ་ལས་པའི་མཐུན་ཚོགས་ཐེངས7པའི་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ》ལ་གྲོས་མཆན་བྱུང་བ་དང་། 《མཚོ་སྔོན་ཞིང་ཆེན་ན་གཞོན་ཁེ་ལས་པའི་སྒྲིག་སྲོལ》ལ་བཟོ་བཅོས་བྱས། ཚོགས་འདུ་ལས་ན་གཞོན་ཁེ་ལས་པས་ཏང་སྲིད་བྱ་བར་ཞབས་ཞུ་སྒྲུབ་རྒྱུ་དང་ན་གཞོན་ཁེ་ལས་པའི་དཔུང་སྡེ་འཕེལ་རྒྱས་བྱེད་པར་རྩ་དོན་དུ་བཟུང་ནས། རྒྱུན་ཆད་མེད་པར་ན་གཞོན་གྱི་ལས་ཞུགས་དང་ལས་ཀ་གསར་སྐྲུན་བྱ་བར་ཞབས་འདེགས་ཞུ་བར་གཙོར་བྱས་པ་བརྒྱུད།  ལས་ཀ་གསར་སྐྲུན་བྱེད་པའི་ན་གཞོན་དག་ལ་མ་དངུལ་དང་ལག་རྩལ།  སྲིད་ཇུས་རྒྱབ་སྐྱོར་སོགས་འདོན་སྤྲོད་བྱེད་དགོས་པ་དང་།  ཁོ་ཚོར་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ནང་ཞུགས་པར་མཛུབ་ཁྲིད་བྱེད་པ།  ཧུར་ཐག་སྒོས་སློབ་སྦྱོང་བྱེད་པའི་གར་སྟེགས་སྣ་ཚོགས་སྐྲུན་ནས།  རང་ཉིད་ཀྱི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་བ་དང་།  ལས་རིགས་གསོ་སྦྱོང་དང་བརྟག་དཔྱད་བརྗེ་རེས་བྱ་འགུལ་རྩ་འཛུགས་བྱས་ནས།  ཁེ་ལས་པའི་ལྟ་རྒྱ་དང་ཐོས་རྒྱ་རྒྱ་ཇེ་ཡངས་སུ་གཏོང་བ་དང་སྔར་ལས་ལྷག་པར་ཐོན་ལས་ཨུ་ཡོན་ལྷན་ཚོགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས།  ལས་རིགས་གཅིག་པའི་ཁོངས་མིའི་ཁེ་ལས་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བྱེད་དགོས་ཞེས་བསྟན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག