མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གི་རོང་འབྲོག་པ་མང་ཚོགས་ལ་མ་དངུལ་སྒོར་དུང་ཕྱུར6.13གྱི་ཞིང་ལས་འཕྲུས་ཆས་ཉོ་སྒྲུབ་བྱེད་པའི་རོགས་སྐྱོར་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-04 10:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2005ལོར་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་རོགས་སྐྱོར་སྲིད་ཇུས་སྤེལ་བ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར6.13དངོས་འབེབས་བྱས་པ་དང་།  རིགས་མི་གཅིག་པའི་ཞིང་ལས་འཕྲུལ་ཆས་ཁྲི22.91ཉོ་སྒྲུབ་བྱེད་པར་ཁ་གསབ་རོགས་སྐྱོར་བྱས་ནས།  ཞིང་ཁྱིམ་ཁྲི18.37ལ་ཕན་ཁེ་ཐོབ།

རྒྱུས་ལོན་པ་ལྟར་ན།  མིག་སྔར་རང་ཞིང་གི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་དང་བསྡུ་ལེན་བྱེད་པ་འཕྲུལ་ཆས་ཅན་གྱི་ཆུ་ཚད་ནི2005ལོའི33%ལས་ད་ལྟའི50%ལ་མཐོར་འདེགས་བྱུང་ཡོད། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པ་དེས་ཁྱོན་ཡོངས་ནས་རོང་འབྲོག་པ་མང་ཚོགས་ཀྱི་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱེད་པར་སྐུལ་སློང་བྱས་པ་དང་། ཞིང་ལས་འཕྲུལ་ཆས་བཀོལ་མཁན2005ལོའི་ཁྲི21.95ལས་ད་ལྟའི་ཁྲི38ལ་འཕར་ཡོད། 

ཞིང་ལས་འཕྲུལ་ཆས་ཁྱོན་ཡོངས་ནས་བཀོལ་སྤྱོད་བྱས་པས།  ཕན་འབྲས་ཡོད་པའི་སྒོ་ནས་ས་གཞིའི་ཐོན་སྐྱེད་ནུས་ཤུགས་དང་ངལ་རྩོལ་བས་ཐོན་སྐྱེད་བྱེད་ཚད་མཐོརའདེགས་བྱུང་བ་མ་ཟད། རོང་འབྲོག་པ་མང་ཚོགས་ཀྱི་ངལ་རྩོལ་བྱེད་ཤུགས་ཀྱང་ཇེ་ཆུང་དུ་སོང་པ་དང་།  ཐོན་སྐྱེན་ནུས་ཤུགས་ལ་སྔར་ལས་ལྷག་པར་བཅིངས་འགྲོལ་ཐོབ།  ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱེད་པའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པས་ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་སྔར་ལས་ལྷག་པར་དར་རྒྱས་ཞིང་བྱུང་།  ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང77ལ་འཕེལ་རྒྱས་བྱུང་བ་དང་ས་ཞིང་མུའུ་ཁྲི80ལྷག་ལ་ཞིང་ལས་འཕྲུལ་ཆས་བེད་སྤྱོད་བྱེད་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག