མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གིས་མི་བཟོས་ས་གདན་གྱི་རིན་བཅག་ཚོང་སྒྱུར་བྱ་འགུལ་ཐོག་མ་སྤེལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-04 10:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན་ནས་ཚེས5ཉིན་བར།  2014ལོའི་ཀྲུང་གོའི་བོད་ཀྱི་ས་གདན་རྒྱལ་སྤྱིའ་འགྲེམ་སྟོན་ཚོགས་འདུའམ་དར་གོས་ཚོང་ལམ་གྱི་ས་གདན་འགྲེམ་སྟོན་ཉོ་ཚོང་ཚོགས་འདུ་སྤེལ་བའི་བྱ་འགུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་གྱིས་མི་བཟོས་ས་གདན་རིན་བཅག་ཚོང་སྒྱུར་གྱི་ཚོགས་འདུ་མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་དུས་ཡུན་ཉིན5རིང་ལ་སྤེལ་བ་མ་ཟད། ཟླ8པའི་ཚེས7ཉིན་མཁར་ལྷོ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བོད་ཀྱི་ས་གདན་རིན་བཅག་ཚོང་སྒྱུར་བྱ་འགུལ་སྤེལ།

ས་གདན་ནི་འཛམ་གླིང་རང་བཞིན་གྱི་ཐོན་རྫས་ཞིག་ཡིན་ལ། ས་གདན་གྱི་ཐོན་སྐྱེད་དང་འཕེལ་རྒྱས་ནི་མི་རིགས་སོ་སོའི་སྐད་ཆ་དང་རིག་གནས་ཀྱི་འཕེལ་རྒྱས་དང་འདྲ་བར་སྤྱི་ཚོགས་དཔལ་ཡོན་དང་ཐོན་སྐྱེད་ནུས་ཤུགས་ཚད་ངེས་ཅན་ཞིག་ལ་ཐོན་པའི་འབྱུང་འབྲས་ཞིག་ཡིན། མཚོ་བོད་མཐོ་སྒང་དུ་འཚར་ལོངས་བྱུང་བའི་བོད་ཀྱི་ས་གདན་ལ་ད་ལྟའི་བར་དུ་ལོ་ངོ2000ལྷག་གི་ལོ་རྒྱུས་ལྡན།  པའོ་སུའི་ས་གདན་དང་ཤར་ཕྱོགས་ཀྱི་ས་གདན་དང་མཉམ་དུ་འཛམ་གླིང་མི་བཟོས་ས་གདན་གསུམ་གྱི་འཐུས་ཚབ་ཡིན། 

ཉེ་བའི་ལོ་འགའི་རིང་།  འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་རྣམ་པས་སྲོལ་རྒྱུན་ཀྱི་ལག་ཤེས་ཐོན་སྐྱེད་བྱེད་པར་ཚབ་བྱས་ཤིང་། མི་བཟོས་ས་གདན་ཀྱི་གྲངས་ཀ་ཉིན་རེར་ཇེ་ཉུང་ཡིན་པ་མ་ཟད། རིན་གོང་ཡང་ལོ་རེར་ཇེ་མཐོ་རེད།  ལྟ་བ་ཆོག་མི་ཤེས་པའི་མི་བཟོས་ས་གདན་དག་ཀྱང་མི་རྣམས་ཀྱི་འཚོ་བའི་ཁྲོད་རིག་རྒྱུ་མེད་ལ།  རིམ་བཞིན་སྒྱུ་རྩལ་བརྩམས་ཆོས་ཞིག་དང་ཉར་ཚགས་ཀྱི་རིན་ཐང་ལྡན་པའི་ཐོན་རྫས་ཞིག་ཏུ་གྱུར་ཡོད།

ཀྲུང་གོའི་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུའི་མཚན་སྙན་ཇེ་མཐོར་བཏང་སྟེ། འགྲེམ་སྟོན་ཚོགས་འདུའི་ཆེད་ལས་རང་བཞིན་འབུར་ཏུ་ཐོན་པ་དང་འགྲེམ་སྟོན་སྐབས་ཀྱི་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཐེངས་འདིའི་བོད་ཀྱི་ས་གདན་འགྲེམ་སྟོན་སྐབས་སུ་ཆེད་དུ་མི་བཟོས་ས་གདན་རིན་བཅག་ཚོང་སྒྱུར་བྱེད་པའི་བྱ་འགུལ་བཀོད་སྒྲིག་བྱས།

ཀྲུང་གོའི་བོད་ཀྱི་ས་གདན་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཅིན་ཕིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་རིན་བཅག་ཚོང་སྒྱུར་ཚོགས་འདུ་ལས་ས་གདན་འདེམས་པ་དང་ཆེད་མཁས་པས་གསལ་འབྱེད་བྱེད་པ་བརྒྱུད།  མཇུག་མཐར་ཕུལ་བྱུང་ས་གདན20ཐེངས་འདིའི་བྱ་འགུལ་ལ་ཞུགས། དེའི་ནང་ཕྱི་རྒྱལ་གྱི་བརྩམས་ཆོས6དང་རང་ཞིང་གི་བརྩམས་ཆོས2བཅས་འདུས།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག