མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཚན་རྩལ་དམངས་ཕྱུག་རྫོང་དར་གྱི་ཆེད་སྤྱོད་གྲོན་དངུལ་ལ་བརྩོན་ལེན་བྱས་ནས་ཐོད་བརྒལ་གསར་བ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཚན་རྩལ་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་སོ་སོར་བརྡ་སྦྱོར་བཏང་ནས། མཚོ་སྔོན་ཞིང་ཆེན་གྱིས་རྩ་འཛུགས་བྱས་ཏེ་སྙན་ཞུ་ཕུལ་བའི་ཚན་རྩལ་དམངས་ཕྱུག་རྫོང་དར་གྱི་ཆེད་དོན་ལས་གཞི་བཅུ་གཅིག་ཁྲོད་ལས་གཞི་བཅུ་ལ་རྒྱལ་ཁབ་ཀྱིས་གཉེར་ཆོག་པའི་ཆོག་མཆན་ཐོབ་པ་དང་། ཆོག་མཆན་ཐོབ་ཚད་བརྒྱ་ཆའི་དགུ་བཅུའི་ཡན་ལ་བསླེབས་པར་མ་ཟད། གྲོན་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་ལྷག་བརྩོན་ལེན་བྱས་ནས་ཐོབ་པས། ན་ནིང་དང་བསྡུར་ན་བརྒྱ་ཆའི་སོ་བཞིའི་ཇེ་མང་དུ་སོང་། ད་ལོར་ལས་གཞིའི་གྲངས་འབོར་དང་གྲོན་དངུལ་བརྩོན་ལེན་བྱེད་ཚད་ལོ་རྒྱུས་ཀྱི་མཐོ་རླབས་གསར་བ་ཞིག་ཏུ་བསླེབས་ཡོད་པ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ཆེད་སྤྱོད་གྲོན་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ལྷག་བརྩོན་ལེན་བྱས་ཡོད་པས། མཚོ་སྔོན་གྱི་དམངས་ཕྱུག་རྫོང་དར་གྱི་ཆེད་དོན་ལས་གཞིའི་གྲོན་དངུལ་སྒོར་དུང་ཕྱུར་ལས་བརྒལ་ཏེ་ལོ་རྒྱུས་ཀྱི་མཐོ་རླབས་གསར་བ་ཞིག་ཏུ་བསླེབས།

ཉེ་བའི་ལོ་འདི་ཚོར། མཚོ་སྔོན་ཞིང་ཆེན་གྱིས་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལས་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་གནས་བབ་གསར་བའི་འོག་གི་གཞི་རིམ་ཚན་རྩལ་བྱ་བ་དར་སྤེལ་གཏོང་བ་གཉིས་གཙོར་བཟུང་ནས། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་ཧུར་བརྩོན་ཆེན་པོས་གསོ་སྐྱོང་བྱས་ལ། རྒྱལ་ཁབ་ཚན་རྩལ་དམངས་ཕྱུག་རྫོང་དར་གྱི་ཆེད་དོན་ལས་གཞི་ནི་མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་དང་རྫོང་དང་ཞང་རིམ་པའི་ནོར་སྲིད་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག