མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སུའུ་ཉིན་གྱིས་ན་གཞོན་རྣམས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྣེ་ཁྲིད་པ་དང་ལག་བསྟར་མཁན། དར་སྤེལ་མཁན་བཅས་བྱེད་དགོས་པ་ནན་གྱིས་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་དུ་སོང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སྐོར་གྱི་བྱ་འགུལ་སྤེལ།

ཉིན་དེའི་སྔ་དྲོར། སུའུ་ཉིན་རྡུལ་ཕྲན་འབར་མདེལ་རྗེས་དྲན་ཁང་དུ་སོང་ནས་འགྲེལ་བཤད་པ་ཀྲིག་ཀོང་ཅིན་དང་ལིག་ཡུང་པེན་གཉིས་ཀྱིས་བཤད་པའི་འབར་མདེལ་དང་འབྲེལ་བའི་ཡིད་སེམས་འགུག་པའི་གཏམ་རྒྱུད་ལ་ཉན་རྗེས། འབར་མདེལ་དང་བླངས་ལས་མིའི་ཞབས་ཞུའི་རུ་དཔུང་ལ་དར་ཆ་གནང་། དེ་དང་མཉམ་དུ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྩ་འཛུགས་པུའུ། འགྲིམ་འགྲུལ་ཅུའུ། ནུབ་མཚོ་གྲོང་རྡལ་གྱི་མཁར་བྱང་གཞིས་ཁུལ་སོགས་ལས་ཁུངས་དྲུག་གི་ལས་བཟོ་བའི་དཔེ་སྟོན་དཔེ་ཀློག་ཁང་དུ་སོང་ནས་སྒོ་བྱང་བཀལ།

སུའུ་ཉིན་གྱིས་བཤད་རྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་ཡིག་འབྲུ་ཉེར་བཞིས་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་མཚོན་ཡོད་པར་མ་ཟད། ཉེ་རབས་ནས་བཟུང་ཀྲུང་གོ་མི་དམངས་གོང་འོག་བར་གསུམ་ཚང་མས་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་དང་། དཀའ་ངལ་དུ་མ་ཁྱད་དུ་བསལ་ནས་གྲུབ་པའི་ཕུགས་འདུན་དང་ཡིད་ཆེས་མཚོན་ཡོད་ལ། ད་དུང་ང་ཚོ་མི་རེ་རེའི་རེ་འདུན་ཟབ་མོ་ཡང་དེའི་སྟེང་དུ་བཅོལ་གདམས་བྱས་ཡོད། ཡིག་འབྲུ་ཉེར་བཞི་བོ་དེ་དག་ནི་སོན་བཟང་ནང་བཞིན་ཀྲུང་ཧྭའི་ཡུལ་གྲུ་ཡངས་བའི་གནས་ག་ས་གང་དུ་གཏོར་ནས། མི་དམངས་མང་ཚོགས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་དུ་སིམ་པར་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་དོན་ཇི་སྙེད་བདེ་ལེགས་ངང་རྟོགས་ཐུབ་པར་འབད་པ་ཡིན་ན། གཞི་ནས་ས་བོན་འདིའི་རྩ་བ་ཚུགས་ནས་རྩེ་མོ་རྣམ་པར་རྒྱས་ཁར། སྐྱེ་སྟོབས་རྒྱས་ངེས་ཡིན། དེ་བས། རྒྱ་ཆེའི་ན་གཞོན་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བརྒྱུད་སྒྲོག་བྱེད་མཁན་གྱི་སྣེ་ཁྲིད་པར་འགྱུར་དགོས་པ་ལས་གཞན། དར་སྤེལ་གཏོང་དགོས་པ་གསུམ་གྱི་དགོངས་གཞི་ལྟར་སྲོག་ཤིང་རིན་ཐང་ལྟ་བ་འདི་ཉིད་ཉིན་རྒྱུན་འཚོ་བའི་བསམ་སྦྱོར་གྱི་ཚད་གཞིར་ཉན་པར་འབད་དེ། རང་རྟོགས་ངང་རྒྱུན་སྲོལ་ལྟར་སྒྲུབ་པའི་འདུ་ཤེས་ཡིད་ལ་འཇགས་པར་བྱེད་དགོས། དེ་མིན་ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་མཁན་དང་དར་སྤེལ་གཏོང་མཁན་དུ་འགྱུར་བར་འབད་ནས། ཡང་དག་པའི་ཁ་ཕྱོགས་རྒྱུན་འཛིན་ལྷོད་མེད་དང་སྒོ་ཀུན་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཧུར་བརྩོན་ཆེན་པོས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་བཅས་ཀྱི་ལོ་རྒྱུས་ཀྱིས་བསྩལ་བའི་འགན་ཁུར་ཡོངས་འགྲུབ་ཡོང་བར་འབད་འབུངས་ཧུར་ཐག་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག