མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རོང་འབྲོག་ཕྱོགས་དང་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་རིམ་པའི་ཞིང་ལས་སྡེ་ཁག་གི་ཁྲུའུ་རིན་ཡན་གྱི་ལས་བྱེད་པའི་ཚོགས་འདུ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:16

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཟླ8པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རོང་འབྲོག་ཕྱོགས་དང་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་རིམ་པའི་ཞིང་ལས་སྡེ་ཁག་གི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པའི་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་། ལག་བསྟར་བཅས་བྱས་པ་དང་། ཞིང་ལས་ཐད་ཀྱི་གཞི་གསུམ་འཛུགས་སྐྲུན་དང་ལོ་སྨད་ཀྱི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་ལོ་སྨད་ཀྱི་ཞིང་ལས་བྱ་བར་བཀོད་སྒྲིག་བྱས།

    ཝང་ཅན་ཅོན་གྱིས་སྡེ་ཁག་སོ་སོས་གཞི་གསུམ་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཞིང་ལས་བྱ་བ་སྒྲུབ་ན་ཞིང་ལས་ལ་དགའ་བ་དང་། ཞིང་ལས་ལ་དོ་དམ་དང་བཅོས་སྐྱོང་བྱེད་པའི་སྤོབས་པ་ཆེ་རུ་བསྐྱེད་དེ། རང་རྟོགས་ཀྱིས་བསམ་བློའི་འདུ་ཤེས་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོ་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་རེ་བ་བཏོན། ཁོས་བཅོས་སྒྱུར་དམ་འཛིན་བྱེད་པ་དང་གཞི་གསུམ་ཇེ་བརྟན་དུ་གཏོང་བ་གཉིས་ནི་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་གནས་ཡོད་དེ། བཅོས་སྒྱུར་དམ་འཛིན་བཟང་པོ་བྱས་ན། གཞི་གསུམ་ཐད་ཀྱི་གནད་དོན་ཡང་ཐག་བཅད་པ་ཡིན་ལ། གཞི་རིམ་དམ་འཛིན་བཟང་པོ་བྱས་ན། ད་གཟོད་བཅོས་སྒྱུར་སྔར་ལས་བཟང་པོར་སྤེལ་ཐུབ། གཞི་གསུམ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ན། སྲིད་བསྡུ་དབང་གཏོང་ཤུགས་ཆེན་པོས་སྤེལ་དགོས་ལ། ལས་ཁུངས་ཀྱི་བཅོས་སྒྱུར་དང་ཞིང་གསུམ་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་ཞེས་བཤད།

    ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། གཞི་གསུམ་འཛུགས་སྐྲུན་གྱི་མཇུག་མཐའི་དམིགས་ཡུལ་ནི་འགན་ནུས་ལག་བསྟར་གྱི་ནུས་པ་ཇེ་ཆེར་གཏོང་རྒྱུ་དང་དམངས་ཀྱི་ཆེད་དུ་སྲིད་འཛིན་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་དེ་ཡིན་པས། སྡེ་ཁག་སོ་སོས་དམིགས་ཡུལ་འདི་ལ་དམ་དུ་དམིགས་ནས། འགན་ནུས་གཙོ་བོ་གསལ་བོར་ཤེས་པར་བྱེད་པ་དང་། ནང་ཁུལ་གྱི་དོ་དམ་ཇེ་ལེགས་སུ་གཏོང་བ། བྱ་བའི་ནུས་པ་ཇེ་ཆེར་གཏོང་བ། འཚོ་བའི་གསོན་ཤུགས་བསྐྱེད་པ་བཅས་བྱས་ཏེ། རང་སྟེང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་ཟེར།

    ཡན་ཅིན་ཧེ་ཡིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། འགུལ་སྐྱོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ཞིབ་ཕྲའི་སྟེང་གཅིག་གྱུར་བྱས་ཏེ། གཞི་རིམ་རྩ་འཛུགས་དང་རྨང་གཞིའི་བྱ་བ། གཞི་རྩའི་ནུས་པ་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་གོ་སྐབས་སུ་བརྩིས་ནས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་རེ་བ་ལྟར། བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། ལས་གཞིའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པ་དང་། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ། དབུལ་སྐྱོར་བྱེད་ཐབས་གསར་སྐྲུན་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་ཕན་འབྲས་ལེན་པ་བཅས་བྱས་ཏེ། བྱ་བ་སྣ་ཚོགས་དམ་འཛིན་ལྷོད་མེད་བྱས་ནས། ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག