མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཁྲིན་ཙི་ཆོན་གྱི་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་གྲོས་གཞི་གལ་ཆེན་སྒྲུབ་པར་ལྟ་སྐུལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:16

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་སྔོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་གྱིས་ཞིང་ཆེན་སྲིད་གྲོས་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་ཁྲིད་དེ། ཞིང་ཆེན་སློབ་གསོ་ཐིན་ལ་སོང་ནས་མཁར་གྲོང་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་འགྲོ་བའི་རྒྱབ་ལྗོངས་འོག་འོས་འགན་སློབ་གསོ་སྐྱོན་བྲལ་ཞིང་གོ་རིམ་ལྡན་པར་གོང་འཕེལ་དུ་གཏོང་བའི་གྲོས་གཞི་སྒྲུབ་པར་ལྟ་སྐུལ་བྱས།

    ལྟ་སྐུལ་ཚོགས་འདུའི་སྟེང་། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་གྲོས་གཞི་དེ་བྱུང་བའི་རྒྱབ་ལྗོངས་དང་གྲོས་གཞིའི་ནང་དོན་གཙོ་བོའི་སྐོར་མཚམས་སྦྱོར་བྱས་པ་དང་། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ནོར་སྲིད་ཐིན་སོགས་གྲོས་གཞི་སྒྲུབ་པའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྱིས་གྲོས་གཞིའི་ནང་དུ་བཏོན་པའི་འབྲེལ་ཡོད་གནད་དོན་ལ་དམིགས་ཏེ། བྱ་བ་དངོས་དང་སྦྲེལ་ནས་གྲོས་གཞི་སྒྲུབ་པའི་གནས་ཚུལ་མཚམས་སྦྱོར་བྱས། གྲོས་གཞི་བཏོན་པའི་ཕྱོགས་དང་གྲོས་གཞི་སྒྲུབ་པའི་ཕྱོགས་གཉིས་ཀྱིས་དེང་སྐབས་ཀྱི་འོས་འགན་སློབ་གསོའི་ཁྲོད་དུ་གནས་པའི་གནད་དོན་གྱི་སྐོར་ནས་གྲོས་མོལ་དང་བརྗེ་རེས་བྱས།

    ཁྲིན་ཙི་ཆོན་གྱིས་བསྟན་དོན། འོས་འགན་སློབ་གསོ་དོ་མཉམ་པ་དང་སྐྱོན་བྲལ་བའི་ངང་གོང་འཕེལ་དུ་གཏོང་བའི་ཡུན་རིང་གི་བྱ་བ་ཞིག་ཡིན་ལ། ཞིང་ཆེན་སློབ་གསོ་ཐིན་དང་འབྲེལ་ཡོད་ལས་ཁུངས་ཀྱིས་སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱེད་པ། སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། འོས་འགན་སློབ་གསོ་དོ་མཉམ་སྒོས་གོང་འཕེལ་དུ་གཏོང་བ་སོགས་ཕྱོགས་ནས་བྱ་བ་འབོར་ཆེན་བསྒྲུབས་ཏེ། གྲུབ་འབྲས་ཧ་ཅང་བཟང་པོ་བླངས་ཡོད། ལྷག་པར་དུ་ལོ་གཅིག་གི་སློབ་སྔོན་སློབ་གསོའི་ཁར་ལོ་དགུའི་འོས་འགན་སློབ་གསོ་སྣོན་པ་དང་། དེའི་ཁར་ལོ་གསུམ་གྱི་ལས་རིགས་སློབ་གསོ་སྣོན་པའི་སློབ་གསོའི་གྲོན་དངུལ་འགན་སྲུང་སྒྲིག་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཁེ་ཕན་ཆེན་པོ་ལོངས་སུ་སྤྱོད་དུ་བཅུག་ཡོད། ཡིན་ནའང་མཚོ་སྔོན་གྱི་འོས་འགན་སློབ་གསོའི་འཕེལ་རྒྱས་ད་དུང་དོ་མི་མཉམ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་དང་ས་ཁོངས་བར། སློབ་གྲྭ་དང་སློབ་གྲྭའི་བར་དུ་འཕེལ་རྒྱས་ཀྱི་ཁྱད་པར་སྔར་བཞིན་ཡོད་པས། འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ད་ལྟའི་སྲིད་ཇུས་དངོས་འབེབས་བཟང་པོ་བྱས་ཏེ། གཙོ་བོ་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས། སློབ་ཁྲིད་དང་སློབ་སྦྱོང་། དོ་དམ་བཅས་ཀྱི་བྱ་བར་ཤུགས་བསྣན་ནས། སློབ་གསོའི་བཅོས་སྒྱུར་དང་འཕེལ་རྒྱས་རྒྱུན་ཆད་མེད་པར་སྤེལ་དགོས་ལ། སློབ་གསོའི་འཕེལ་ཕྱོགས་དང་མཚོ་སྔོན་རང་སྟེང་གི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ་དང་། སློབ་གསོའི་བཅོས་སྐྱོང་ནུས་པ་ཇེ་ཆེར་གཏོང་བ་དང་སློབ་གསོའི་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་བཏང་ནས། མི་དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པར་འབད་བརྩོན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག