མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་བུད་མེད་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་དྲ་ཚིགས་དངོས་སུ་ཕྱེས།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་བུད་མེད་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་དྲ་ཚིགས་དངོས་སུ་ཕྱེས།དྲ་ཚིགས་ཕྱེས་པ་དེས་ཐེབས་རྩ་ཚོགས་པའི་བྱ་བའི་མངོན་གསལ་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཞལ་འདེབས་འབུལ་མཁན་གྱི་རྒྱུས་ལོན་དབང་ཆར་འགན་སྲུང་བྱེད་པ། ཐེབས་རྩ་ཚོགས་པའི་ཚོགས་མི་དང་སྤྱི་ཚོགས་ལས་རིགས་སོ་སོའི་བྱམས་བརྩེ་ཅན་གྱི་མི་སྣ་དང་ད་དུང་མི་དམངས་མང་ཚོགས་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་གཏོང་བ། ཕན་འབྲས་ལྡན་པའི་སྒོ་ནས་མ་དངུལ་དང་ལས་གཞི་ལ་དོ་དམ་བྱེད་པ་བཅས་བྱས་ཏེ། ཐེབས་རྩ་ཚོགས་པས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་དམིགས་ཡུལ་མངོན་འགྱུར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་གཅིག་ལོར་མཚོ་སྔོན་བུད་མེད་བྱིས་པའི་ཐེབས་རྩ་ཚོགས་པ་བཙུགས་པའི་ཚུན་ལ་ཞལ་འདེབས་སུ་ཕུལ་བའི་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བདུན་འབྱོར་བ་དང་། སྤྱི་ཕན་ལས་གཞི་མང་པོ་ཞིག་ལག་བསྟར་བྱས་པས། ཐེབས་རྩ་ཚོགས་པའི་སྤྱི་ཚོགས་ཡིད་རྟོན་དང་བྱ་བའི་སྒུལ་ཤུགས་ཇེ་ཆེར་སོང་ནས། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་གོང་དུ་སྤེལ་བར་སྐུལ་འདེད་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག