མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་ལག་བསྟར་དང་དངོས་འབེབས་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ནས“གཞི་གསུམ”འཛུགས་སྐྲུན་གནད་དོན་ལ་ཆེད་དུ་ཞིབ་འཇུག་བྱས་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་སྲིད་འཛིན་ཆུ་ཚད་ཇེ་མཐོར་གཏོང་བ་དང་འཐབ་ཇུས་ལས་འགན་མངོན་འགྱུར་བྱེད་པའི་ཕྱོགས་ཡོངས་གཞིར་བཟུང་སྟེ་ལག་བསྟར་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། “གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། གཟབ་ནན་ཏང་སྐྱོང་བྱེད་ཕྱོགས་རྒྱུན་འཁྱོངས་དང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བཅོས་སྒྱུར་ཟབ་སྤེལ་དང་ཁྲིམས་ལུགས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་རིམ་བཞིན་བསྒྱུར་བར་དོན་སྙིང་གལ་ཆེན་ཡོད་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་དང་ལས་ཁུངས་སོ་སོས་ངེས་པར་དུ་ཧྲུའུ་ཅི་ལོ་ཧོས་ཉིན་གྱི་གཏམ་བཤད་གལ་ཆེན་དང་གྲོས་ཚོགས་ནས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྲིད་འཛིན་ཆུ་ཚད་ཇེ་མཐོར་གཏོང་བའི་སྐོར་གྱི་བསམ་འཆར་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་རེ་བ་ལྟར། གཞི་གསུམ་འཛུགས་སྐྲུན་དེ་བྱ་བ་སོ་སོའི་གནད་ཆེ་སར་བཞག་སྟེ་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་ནས་རང་རྟོགས་སྒོས་ལག་བསྟར་བྱེད་པ་དང་། ངོས་ཟིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། མྱུར་དུ་འགུལ་སྐྱོད་སྤེལ་བ་དང་དངོས་གཉེར་བྱ་བ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་ད་ལོའི་ལོ་སྨད་ཀྱི་བྱ་བ་བཟང་བོར་བསྒྲུབ་རྒྱུའི་གནད་འགག་ནི་དངོས་འབེབས་བྱ་བ་ཡིན་ལ། ལྷག་པར་དུ་གཏན་ལ་ཕབ་པའི་དམིགས་འབེན་གཞིར་བཟུང་ནས་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་པ་དང་། ལས་འགན་གཙོ་བོར་དམིགས་ནས་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ལ། གནད་འགག་གི་བྱེད་ཐབས་ལ་བརྟེན་ནས་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་རྒྱུར་འགན་སྲུང་བྱེད་དགོས་པར་མ་ཟད། ཡུན་རིང་ཞིང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག