མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱ་བའི་བཀོད་སྒྲིག་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱ་བའི་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཐེངས་ང་བཞི་བའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་ལྟར། བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་གཉིས་གྲོས་ཚོགས་ལ་ཞུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། མཚོ་སྔོན་ཞིང་ཆེན་དང་སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་དུ་བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་གྱི་ཁྱོན་ཡོངས་ལ་དམིགས་ཏེ་གཏན་ལ་ཕབ་པའི་ཐབས་ཇུས་དང་བཀོད་སྒྲིག་ཡིན་ལ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་དང་ཡུན་རིང་བདེ་འཇགས་མངོན་འགྱུར་བྱེད་པའི་དགོས་མཁོ་ཡིན་པ་དང་། མངའ་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེ་ཞིང་ཆེན་ཡོངས་ཀྱི་འཐབ་ཇུས་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱེད་པར་འབྲེལ་བ་ཡོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱེད་པར་འབྲེལ་བ་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ལས་ཁུངས་བཅས་ཀྱིས་བདེ་འཇགས་དང་དར་སྤེལ་བཟོ་སྐྲུན་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མདུན་དུ་ལྷགས་པའི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་གོ་སྐབས་དམ་འཛིན་བྱེད་པ་དང་། “ཁུལ་གསུམ”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་དང་འབྲེལ་ཏེ། གཅིག་གྱུར་སྒོས་ཕྱོགས་སོ་སོའི་བྱ་བར་འཆར་འགོད་བྱས་ནས་བཟོ་སྐྲུན་ལག་བསྟར་བཟང་བོ་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཁུལ་གཉིས་དང་རྫོང་བདུན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་བཟོ་སྐྲུན་དེར་ཧ་ཅང་མཐོང་ཆེན་བྱས་ཏེ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་རྩ་འཛུགས་ཀྱི་ཁག་ཐེག་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད་སེམས་ཞིབ་མོས་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག