མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བརྒྱད་པའི་ཁམས་པའི་རིག་གནས་གནས་སྐོར་སྒྱུ་རྩལ་དུས་ཆེན་ཡུས་ཧྲུའུ་ནས་མཇུག་སྒྲིལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-31 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས28ཉིན་གྱི་སྔ་དྲོར།  དུས་ཡུན་ཉིན4རིང་གི་སྐབས་བརྒྱད་པའི་ཁམས་པའི་རིག་གནས་གནས་སྐོར་སྒྱུ་རྩལ་དུས་ཆེན་ཡུས་ཧྲུའུ་ཁུལ་གྱི་བཀྲ་ཤིས་ཁོག་རྟ་རྒྱུག་འགྲན་རུ་ནས་མཇུག་སྒྲིལ།

ཐེངས་འདིའི་སྒྱུ་རྩལ་དུས་ཆེན་སྟེང་ཁུལ་གསུམ་དང་ས་ཁུལ་གཅིག་གིཐང་ཆེན་དང་ཆེད་དོན་རིག་རྩལ་འཁྲབ་སྟོན་དང་། གྱོན་གོས་འགྲེམ་སྟོན། དམངས་ཁྲོད་ལུས་རྩལ་འགྲན་བསྡུར་སོགས་བྱ་འགུལ་སྤེལ་བ་མ་ཟད།  ད་དུང“ཁམས་པའི་ཕོ་རྒོད་དང་ཁམས་པའི་མཛེས་མའི”དཔྱད་འདེམས་དང་།  ཡིག་གཟུགས་པར་རིས་འགྲེམ་སྟོན།  རིག་གནས་གནོས་སྐོར་དར་སྤེལ་བགྲོ་གླེང་དངཉོ་ཚོང་གྲོས་མོལ་སོགས་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ། བྱ་འགུལ་ལས་ཕུན་སུམ་ཚོགས་པའི་ཁམས་པའི་རིག་གནས་དང་ཁམས་པ་ས་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་སྐུལ་སྤེལ་བྱེད་པའི་སྙིང་སྟོབས་སོགས་གསལ་བོ་མངོམ་ཡོད་པ་མ་ཟད།  ཁྱོན་ཡོངས་ནས་ཡུས་ཧྲུའུ་གྱི་གནོད་ཕྱིའི་བསྐྱར་སྐྲུན་ལས་ཐོབ་པའི་གྲུབ་འབྲས་དང་སྤྱི་ཚོགས་རིང་ལུགས་ཡུས་ཧྲུའུ་གསར་བའི་རླབས་ཆེན་གྲུབ་འབྲས་ཀྱང་འགྲེམ་སྟོན་བྱས་ཡོད་པས།  ཁམས་པ་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར།  རིག་གནས་སོགས་ཕན་ཚུན་བརྗེ་རེས་བྱེད་པར་གར་སྟེགས་ལེགས་པོ་ཞིག་སྐྲུན་པ་དང་། སྤུན་ཟླའི་ཁུལ་དང་གྲོང་ཁྱེར་བར་ནས་མཐུན་སྦྱོར་མཉམ་ལས་བྱེད་པར་མཐུན་རྐྱེན་སྐྲུན།

སྒྱུ་རྩལ་དུས་ཆེན་མཇུག་སྒྲིལ་བའི་མཛད་སྒོ་སྟེང་།  ཁུལ་གསུམ་དང་ས་ཁུལ་གཅིག་གི་འགོ་ཁྲིད་དག་གིས་འགྲན་བསྡུར་རེ་རེ་ནས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་གནང་ཞིང་། མཚོ་སྔོན་ཡུས་ཧྲུའུ་ཁུལ་གྱིས་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་འདུ་ཚོགས་ཀྱི་དར་ཆ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལ་གནང་བ་དང་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས་གཙོ་སྒྲུབ་བྱེད་རྒྱུ་རེད།

དུས་ཆེན་མཇུག་སྒྲིལ་བའི་འཁྲབ་སྟོན་ལ་བལྟས་རྗེས་དཔལ་ལྡན་གྱིས་ང་ནི་གནས་འདི་ནས་སྐྱེས་པའི་ཁམས་པ་ཞིག་ཡིན་ལ།  ད་ལྟ་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་བྱས་འོག་ཡུས་ཧྲུའུ་ས་ཁུལ་ནི་སྔར་ལས་མཛེས་སྡུག་ལྡན། ང་ཚོའི་འཚོ་བ་ཧ་ཅང་བདེ་སྐྱིད་ཡིན་པས། མེས་རྒྱལ་དང་ང་ཚོར་རོགས་སྐྱོར་བྱེད་མྱོང་བའི་བྱམས་སེམས་ཅན་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་ཡིན་ཟེར།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་རྒྱུན་ཨུའམ། ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལའོ་ཡོན་མིན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོན་ཐའོ་སོགས་ཁམས་པའི་སྒྱུ་རྩལ་དུས་ཆེན་མཇུག་སྒྲིལ་བའི་མཛད་སྒོར་ཞུགས།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག