མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཉིས་སྟོང་བཅུ་བཞི་ལོའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་འདུ་དེ་ཐོག་དང་པོར་གློག་རྡུལ་ཚོང་དོན་གྱི་ཁྱབ་ཁོངས་སུ་ཚུད།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མི་འགྱང་བར་བསྡུ་ལ་ཉེ་བའི་ཉིས་སྟོང་བཅུ་བཞི་ལོའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་འདུའི་གློག་རྡུལ་ཚོང་དོན་གྱི་རྣམ་པ་གསར་བ་དེ་ཐོག་མར་ཐོ་འགོད་བྱ་རྩིས་ཡོད་ཅིང་། ཅིན་ཏུང་ཚོང་ཁྲོམ་དང་ཐའོ་པའོ་ཚོང་ཁྲོམ། ཀྲུང་གོའི་གློག་འཕྲིན་བཅས་ཀྱི་དྲ་ལམ་ནས་བརྒྱུད་འཚོང་བྱས་ཏེ། ཐུན་མོང་གིས་འགྲེམ་འཚོང་ཚོགས་འདུ་བཟང་བོ་ཞིག་བསྡུ་གྲབས་ཡོད་ལ། དེས་མཚོ་སྔོན་ཞིང་ཆེན་གྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་ཡར་སྐུལ་དང་། རྒྱལ་སྤྱིའི་དེང་རབས་ཅན་གྱི་དབྱར་རྩྭ་དགུན་འབུའི་ཆེད་ལས་འགྲེམ་འཚོང་ཚོགས་འདུའི་གསར་རྐྱང་གི་རྣམ་པ་ཞིག་གྲུབ་པར་བྱེད་ཐུབ།

ཉིས་སྟོང་བཅུ་བཞི་ལོའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲུའུ་ཞའོ་ཆིན་གྱིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། ཐེངས་འདིའི་འགྲེམ་འཚོང་ཚོགས་འདུ་དེ་གློག་རྡུལ་ཚོང་དོན་གྱི་རྣམ་པ་ཁོ་ནས་བསྒྲུབ་རྩིས་ཡོད་ཅིང་། ཀྲུང་གོའི་གློག་འཕྲིན་གྱི་དྲ་ལམ་ནས་ཉོ་འཚོང་བྱས་ཆོག་པའི་ཚོང་ཁྲོམ་ཆེ་གྲས་ཁག་ཅིག་དང་སྦྲེལ་མཐུད་སྒོས། ཕྱོགས་བསྡུས་རང་བཞིན་གྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་སྟེགས་བུ་ཆེ་གྲས་ཤིག་བཙུགས་ནས། ཡུལ་དངོས་ནས་ཉོ་བ་དང་དྲ་ལམ་ཁག་ནས་འཛད་སྤྱོད་བྱེད་པ་གཉིས་གཞི་གཅིག་ཅན་དུ་བྱས་ཏེ། དྲ་རྒྱའི་ཚོང་ལམ་ཆེ་གྲས་ཤིག་འཛུགས་པར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་རེད། རེབ་འདིའི་གོ་སྐབས་འདི་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར། རྫོང་། རོང་འབྲོག་ཁུལ་བཅས་ལ་གློག་རྡུལ་ཚོང་དོན་བཀོལ་སྤྱོད་ཀྱི་རྒྱུན་ཤེས་ཆགས་པར་བྱས་ནས། ས་གནས་མང་ཚོགས་ཀྱི་འཛད་སྤྱོད་འདུ་ཤེས་གསར་སྒྱུར་བྱས་ཏེ། ཉིན་རེར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རོང་འབྲོག་མང་ཚོགས་ཀྱི་དངོས་པོ་འཚོ་བའི་དགོས་མཁོ་བསྐང་རྩིས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག