མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གྱིས་མ་དངུལ་སྒོར་ཁྲི7183བཏང་ནས་ཚོད་སླེ་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-30 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་མ་ལག་ལས་ཁུངས་ཀྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་གོ་སྐབས་དང་བསྟུན་ནས། སྔར་ལས་ལྷག་པའི་སྒོ་ནས་ལས་གཞི་འཛུགས་སྐྲུན་བརྩོན་ལེན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཞིང་ལས་དང་ཚོད་སླེ་འཛུགས་སྐྲུན་ལས་གཞི་ལ་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི7153.85བཏང་བ་དང་། དེ་དུས་མཉམ་ལས་སྒོར་ཁྲི3776.45ཇེ་མང་ལ་སོང་ཞིང་འཕར་ཚད111.8ལ་སླེབས་པས་ཐོལ་བརྒལ་གསར་བ་བྱུང་ཡོད།

ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ལས་གཞིའི་མ་དངུལ་སྒོར་ཁྲི6508.85དངོས་འབེབས་བྱས་པ་དང་། དེའི་ནང་སྒྲིག་ཆས་ཞིང་ལས་འཛུགས་སྐྲུན་གྱི་ལས་གཞིའི་མ་དངུལ་སྒོར་ཁྲི2415དང་། ཡུངས་མ་ཁྱབ་གདལ་ལས་གཞིའི་མ་དངུལ་སྒོར་ཁྲི276། རྒྱལ་ཡོངས་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཁ་གསབ་ལས་གཞིའི་མ་དངུལ་སྒོར་ཁྲི90། ཞིང་སྡེའི་རྫབ་རླངས་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་ཁྲི244། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ལས་གཞིའི་མ་དངུལ་སྒོར་ཁྲི300། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་ཁྲི430། རྒྱུད་བཟང་ཁ་གསབ་མ་དངུལ་སྒོར་ཁྲི90། སྤྲོ་འཆམ་ཞིང་ལས་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་ཁྲི40། གཙོ་གནད་ཞིང་ལས་ལག་རྩལ་ཁྱབ་གདལ་ལས་གཞིའི་མ་དངུལ་སྒོར་ཁྲི92། ཚོད་སླེའི་བཟོ་འགོད་ཀྱི་སྒྲིག་ཆས་ཞིང་ཕྱུགས་ལས་ལས་གཞིའི་མ་དངུལ་སྒོར་ཁྲི1300། ཞིང་སྡེའི་ངལ་རྩོལ་པར་གསོ་སྦྱོང་བྱེད་པའི་ཉི་འོད་བཟོ་འགོད་ཀྱི་མ་དངུལ་སྒོར་ཁྲི163.35། ལྗང་མདོག་དཔང་ཡིག་གི་བཟོ་འགོད་མ་དངུལ་སྒོར་ཁྲི36། ས་བོན་བཟོ་འགོད་ཀྱི་མ་དངུལ་སྒོར་ཁྲི72.5། ཆུ་ཐོན་རྒྱུད་བཟང་བཟོ་འགོད་ཀྱི་མ་དངུལ་སྒོར་ཁྲི30། མཐོ་སྒང་གི་དེང་རབས་ཉ་ལས་སྡེ་བ་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་ཁྲི130། ཁུལ་རིམ་པའི་ཞིང་ལས་ཐོན་རྫས་བདེ་འཇགས་ཞིབ་བཤེར་ཚད་ལེན་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་ཁྲི800བཅས་ཡོད། ཁུལ་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཁྲི645དངོས་འབེབས་བྱས་པའི་ནང་། ཁུལ་རིམ་པའི་ནོར་སྲིད་ཚོད་སླེ་ལས་གཞིའི་ཁ་གསབ་མ་དངུལ་སྒོར་ཁྲི500དང་། ཁུལ་རིམ་པའི་ཞིང་ལས་རོགས་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི145བཅས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག