ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་དབྱི་སི་ལན་གྱི་སྨྱུང་གྲོལ་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་ལའོ་ཧུའེ་ཉིན་གྱིས་ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་གྱི་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་མ་ཟད་འཚམ་འདྲི་གནང་། ཁོས་རྒྱ་ཆེ་བའི་དབྱི་སི་ལན་མང་ཚོགས་ཀྱིས་ཏང་གཅེས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བྱས་ཏེ། མུ་མཐུད་དུ་འབད་བརྩོན་ལྷོད་མེད་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་གསར་བ་སྐྲུན་དགོས་པའི་རེ་བ་བཏོན། །