མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་སྐོར་གྱི་ཆེད་དོན་གྲོས་མོལ་ཚོགས་འདུ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་བསྡུས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-27 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་སྐོར་གྱི་ཆེད་དོན་གྲོས་མོལ་ཚོགས་འདུ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་བསྡུས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་པ་དང་། ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་སྟེང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོནལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོནལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ཞིང་ཆེན་ཡོངས་ཀྱི་ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་དང་བཟོ་ལས་ཆ་འཕྲིན་ཅན་འཁོར་སྐྱོད་གནས་ཚུལ་ཁྱབ་བསྒྲགས་བྱས། ཨུ་ཡོན་བརྒྱད་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད།

གྲོས་ཚོགས་སྟེང་ད་ལོ་ནས་བཟུང་རྙོག་འཛིང་ཆེ་བའི་དཔལ་འབྱོར་གནས་བབ་ཀྱི་མདུན་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་པ་དང་བཅོས་སྒྱུར་གསར་སྐྲུན་བྱེད་པ། རྒྱུ་སྤུས་དང་ཕན་འབྲས་ཇེ་མཐོར་གཏོང་བའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། གནད་དོན་ཐག་གཅོད་བྱེད་པ་དང་བྱ་བའི་བྱེད་ཐབས་གསར་བསྒྱུར་བྱེད་པ། བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། བྱ་བར་གསོན་ཤུགས་རྒྱས་པར་བྱེད་པ། ཕྱོགས་བསྡུས་ཇུས་གཞི་ལག་བསྟར་བྱེད་པ། དངོས་འབེབས་དམ་འཛིན་སོགས་བྱས་པས། ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱུང་ཡོད་པར་འདོད།

རིན་ཆེན་རྒྱལ་གྱིས་ཐེངས་འདིའི་གྲོས་ཚོགས་ཆེད་དོན་བཞུགས་མོལ་གྱི་རྣམ་པའི་བསྡུས་དེ་ད་ལོའི་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དང་དེང་སྐབས་མདུན་དུ་ལྷགས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་བློ་འདོན་ཇུས་འབུལ་བྱས་པས། བརྗོད་བྱ་ལེགས་པ་དང་ཁ་གཏད་རང་བཞིན་དྲག་པ། ཕན་འབྲས་མངོན་གསལ་ཡིན་ཞེས་བསྟན། ཁོས་ནན་གྱིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དེ་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ཕྱི་ནང་དང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལ་དོ་སྣང་བྱས་ནས་ནན་ཏན་སྒོས་རྟོག་ཞིབ་དང་ལྟ་ཞིབ་བྱ་འགུལ་སྤེལ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རིན་ཐང་ལྡན་པའི་བསམ་འཆར་བཏོན་ནས་རྒྱུན་ཆད་མེད་པར་སྲིད་གྲོས་ཀྱི་འགན་ནུས་དང་སྲིད་གླེང་ཆུ་ཚད་ཇེ་མཐོར་དགོས་ཞེས་བསྟན།

ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་བློ་མཐུན། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་དང་ཆེད་ཞུའི་ཨུ་ཡོན། ཁུལ་སོ་སོ་དང་གྲོང་ཁྱེར་གྱི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལས་བགོས་བྱ་བའི་མགོ་ཁྲིད་པ་དང་ཧུའུ་ཀྲུའུ་རྫོངཏང་ཨུ་དང་རྫོང་སྲིད་གཞུང་། རྫོང་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་པ་གྲོས་ཚོགས་སུ་ཞུགས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག