མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་ལིག་ཡུན་ཧྲན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་བྱེད་སྐབས་གནང་བའི་གསུངས་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:53

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་མཚོ་སྔོན་ལ་གཟིགས་ཞིབ་བྱེད་སྐབས་གནང་བའི་གསུངས་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱི་གྲོས་ཚོགས་ལ་མགོ་འཛིན་བྱས།

ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུའི་ཉིན་བར། བློ་མཐུན་ལིག་ཡུན་ཧྲན་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་ནས། ཞིང་ཆེན་དང་ས་གནས་ཁ་ཤས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་བྱ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལ་ནན་ཏན་སྒོས་ངོས་འཛིན་ཡང་དག་བྱེད་པ་དང་། རང་འགུལ་རང་རྟོགས་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བ། གཞི་རིམ་མང་ཚོགས་དང་ཉེ་བར་བཅར་བ། གནད་དོན་གྱི་གླེང་ཕྱོགས་གཙོ་བོར་ཤུགས་སྣོན་པ་བཅས་ལ་འབད་དེ། མཐར་གཞི་རིམ་སློབ་གསོ་ལག་ལེན་བྱ་འགུལ་རྨང་གཞི་བརྟན་པོའི་ངང་སྤེལ་དགོས་པ་ནན་གྱིས་གསུངས། རྒྱུན་ལས་གྲོས་ཚོགས་སྟེང་བསྟན་དོན། བློ་མཐུན་ལིག་ཡུན་ཧྲན་གྱི་གསུངས་བཤད་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་བྱེད་པར་ཕྱོགས་བདུན་གྱི་ཆ་ནས་འབད་འབུངས་བྱེད་དགོས་ཏེ། གཅིག་ནས་སློབ་གསོ་ལག་ལེན་བྱ་འགུལ་གྱི་བྱ་བ་སྤྱིའི་ཆ་ནས་གནད་འགག་གི་དུས་རིམ་དུ་གནས་ཡོད་པས། ལས་སྒོ་འཐུས་ཚང་དུ་སྤེལ་བར་བསམ་བློའི་ངོས་ཟིན་གསལ་བོ་ཞིག་མཁོ་བ་ཡིན། གཉིས་ནས་རྫོང་རིམ་པ་དང་ཞང་རིམ་པའི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་དམ་འཛིན་བྱེད་དགོས། གསུམ་ནས་ཚོད་ལྟ་དང་བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་དུ། སློབ་གསོ་ལག་ལེན་བྱ་འགུལ་གྱི་ལས་སྒོ་གཞི་རིམ་གྱི་ཟབ་སར་བསྐྱལ་དགོས། བཞི་ནས་བྱ་བའི་གླེང་ཕྱོགས་མི་ནོར་བ་རྒྱུན་འཁྱོངས་བྱེད་དགོས། ལྔ་ནས་ཀུན་སྤྱོད་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་ལམ་ལུགས་གཉིས་ཟུང་དུ་སྦྲེལ་བར་འབད་དགོས། དྲུག་ནས་ཀུན་སྤྱོད་འཛུགས་སྐྲུན་ལས་ཐོབ་པའི་གྲུབ་འབྲས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་བྱ་བའི་ཁྲོད་བྱེད་ནུས་མི་དམན་པ་འདོན་པར་འབད་དགོས། བདུན་ནས་མགོ་ཁྲིད་དང་རྩ་འཛུགས་བྱ་བར་སྔར་ལས་ཤུགས་སྣོན་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག