ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ནས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་གླིང་གཙོའི་ལས་རོགས་པ། ཞིབ་འཇུག་པ་ཧའོ་ཧྲི་ཡོན་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་ཁང་གི་མགོ་གཙོ། ཞིབ་འཇུག་པ་ཀྲའོ་ཞིན་ཕེན་གཉིས་ཀྱིས་སོ་སོར།«ཀྲུང་གོའི་མི་རིགས་སྲིད་ཇུས་ཀྱི་སྔོན་ཐོན་རང་བཞིན»དང«རང་རྒྱལ་ཆོས་ལུགས་ཀྱི་ད་ལྟའི་གནས་བབ་དང་ཇུས་གཞི»གཉིས་གླེང་གཞིར་བཟུང་ནས་ཆེད་དོན་འཆད་ཁྲིད་བྱས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོམས་མི་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་འཛུགས་མགོ་ཁྲིད་ཚན་ཆུང་གི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ་སློབ་སྦྱོང་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཅི་ཏིས་མཱ་ཅས་སློབ་སྦྱོང་ཚོགས་འདུར་མགོ་འཛིན་བྱས། །