མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གཙོ་སྒྲུབ་བྱས་པའི་མི་རིགས་དཔེ་སྐྲུན་གླེང་སྟེགས་ཀྱི་ཡུལ་དངོས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་རྒྱལ་ནང་གི་མི་རིགས་རིག་པ་དང་བོད་རིག་པའི་ཆེད་ལས་མཁས་པ་སྐོར་ཞིག་གདན་དྲངས་ཏེ།《པར་སྐྲུན་ལས་རིགས་ཀྱི་འགག་སྒོ་དང་རིག་གནས་འགན་འཁྲི》ཞེས་པ་བརྗོད་གཞི་ཡིན་པའི་མི་རིགས་དཔེ་སྐྲུན་ཐད་ཀྱི་གླེང་སྟེགས་བསྡུས་པ་དང་། ཚོགས་ཡུན་ཉིན་གཅིག་ཡིན། ཐེངས་འདིའི་གླེང་སྟེགས་སུ་ཞིང་ཆེན་ནང་ཁུལ་གྱི་པར་སྐྲུན་འགྲེམ་སྤེལ་ལས་ཁུངས་ཁག་ཅིག་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གི་ལས་བཟོ་བ་ཡོངས་ཞུགས་པ་དང་། 《པར་སྐྲུན་ལས་རིགས་ཀྱི་འགག་སྒོ་དང་རིག་གནས་འགན་འཁྲི》ཐད་ནས་ཚོགས་ཞུགས་ཆེད་མཁས་རྣམས་དང་གླེང་མོལ་མཛད།
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཟླ་བས་གཏམ་བཤད་སྤེལ་བཞིན་པ།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་གྱིས་གཏམ་བཤད་སྤེལ་བཞིན་པ།
མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གཙོ་སྒྲུབ་བྱས་པའི་མི་རིགས་དཔེ་སྐྲུན་གླེང་སྟེགས་ཀྱི་ཡུལ་དངོས།
ཚོགས་རའི་ཟུར་གཅིག
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་དང་རྒྱའི་སྐད་ཡིག་གཉིས་ལྡན་གྱི་པར་སྐྲུན་ལས་ཁུངས་གཅིག་པུ་ཡིན་པས། ཐོག་མཐའ་བར་གསུམ་དུ་ཏང་གི་དཔེ་སྐྲུན་བྱེད་ཕྱོགས་གཞིར་བཟུང་ནས་སྤུས་ཀ་ནི་འཚོ་གནས་ཀྱི་རྟེན་གཞི་དང་སྤུས་ལེགས་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བྱེད་རྒྱུ་ནི་མ་འོང་བའི་སྐུལ་མར་བཟུང་ནས། ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་སྔ་གཞུག་ཏུ《རྗེ་ཙོང་ཁ་བའི་གསུང་རྩོམ》དང《རོང་འབྲོག་པའི་ཚན་རིག་ཀློག་དེབ་དཔེ་ཚོགས》།《དུས་རབས21པའི་བོད་རིགས་རྩོམ་པ་པོའི་དཔེ་ཚོགས》དང《བོད་རིགས་བྱིས་པའི་ཤེས་བྱའི་རིག་མཛོད》སོགས་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་དཔེ་དེབ་མང་པོ་པར་སྐྲུན་འགྲེམས་སྤེལ་བྱས། དེ་མིན། རྒྱལ་ནང་ན་སྐད་གྲགས་ཆེ་བའི《སྦྲང་ཆར》དང《གངས་རྒྱན་ན་ཆུང་ཚགས་པར》ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གསར་གཏོད་མཛད་པའི་ཚགས་པར་དུས་དེབ་གཉིས་ཡིན་ལ། དེ་ལས《སྦྲང་ཆར》ནི་རྒྱལ་ཡོངས་ཀྱི་མི་རིགས་སྐད་ཡིག་སྐོར་གྱི་དུས་དེབ་གཅིག་པུ་ཡིན་པའི་ཆ་ནས་རྒྱལ་ནང་གི་སྐད་གྲགས་ཆེ་བའི་དུས་དེབ་བརྒྱ་ཡི་གྲས་སུ་ཚུད་པ་དང་། དབྱིན་ཇིའི་ཏ་དབྱིན་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།《གངས་རྒྱན་ན་ཆུང་ཚགས་པར》ལ་ཐེངས་མང་བོར་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ་མྱོང་བ་དང་། ད་ལྟའི་བར་རྒྱལ་ནང་གི་པར་སྐྲུན་ཐེངས་གྲངས་ཆིག་ཁྲི་ལས་བརྒལ་པའི་བོད་ཡིག་གི་ཚགས་པར་གཅིག་པུ་ཡིན། །