མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀན་སུའུ་དང་མཚོ་སྔོན་གྱི་རྫོང7གྱིས་དར་གོས་ཚོང་ལམ་གྱི་གནས་སྐོར་ལམ་ཐིག་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-25 11:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནས་སྐོར་རྫོགས་ལྡན་དུས་སྐབས་སུ། ས་ཁུལ་གཞན་གྱི་གནས་སྐོར་པ་མང་པོ་མཚོ་སྔོན་ཞིང་ཆེན་གྱི་དབྱར་གནས་གྲོང་ཁྱེར་སྟེ་ཟི་ལིང་དུ་ཡོང་བ་དང་། ཟི་ལིང་མཁར་བྱང་དང་ཏ་ཐུང་། མིན་ཡོན། ཆི་ལེན། ཀན་སུའུ་མིན་ལི། ཀན་སུའུ་ཀན་ཀྲོའུ་བཅས་ཀྱི་གནས་སྐོར་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། དར་གོས་ཚོང་ལམ་གྱི་གནས་སྐོར་ལམ་ཐིག་གསར་འཛུགས་བྱེད་ཆེད། ཉེ་ལམ། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་རྫོང7གྱིས་ཐུན་མོང་སྒོས་དར་གོས་ཚོང་ལམ་གྱི227གནས་སྐོར་ལམ་ཐིག་གསར་འཛུགས་བྱས་པ་མ་ཟད་མཉམ་ལས་ཀྱི་གན་རྒྱ་བཞག

རྒྱུས་ལོན་པ་ལྟར་ན། ཟི་ལིང་མཁར་བྱང་དང་ཏ་ཐུང་། མིན་ཡོན། ཆི་ལེན་སོགས་རྫོང7རྒྱལ་ལམ227ལམ་ཐིག་དུ་ཆགས་ཡོད་པ་དང་། ཆི་ལེན་རི་བོའི་མཐའ་བསྐོར་ས་ཁུལ་དུ་ས་གཤིས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ལོ་རྒྱུས་རིག་གནས་གཏིང་ཟབ་ལ། རང་བྱུང་མཛེས་ལྗོངས་ཁྱད་མཚར་བས་གནས་སྐོར་ཐོན་ཁུངས་ཀྱི་ཕན་ཚུན་ཁ་གསབ་རང་བཞིན་ཤིན་ཏུ་ཆེ་བར་བརྟེན། བདེ་བླག་ངང་མིང་དུ་གྲགས་པའི་གནས་སྐོར་ཆས་རྟགས་སྐོར་ཞིག་གསར་སྐྲུན་བྱས་ཤིང་། གནས་སྐོར་བས་ལམ་རྒྱུད་དུ་བོད་སྨན་གསོ་རིག་རྟེན་མཛོད་ཁང་དང་པེ་ཧྲན་ཐུའུ་ལིག་ཀོན། ལའོ་ལེ་ཧྲན་རི་བོ། ཡུངས་དཀར་མེ་ཏོག་གི་ཁྱམས་ར། དམག་རྟ་ར་བ། ཞི་ཞ་རྒྱལ་རབས་ཀྱི་དགོན་ཆེན་སོགས་གནས་སྐོར་མཛེས་ལྗོངས་ཁུལ་སྐོར་ཞིག་ལ་ལྟ་སྐོར་བྱེད་ཐུབ་པ་དང་། རླངས་འཁོར་བསྐོར་བའི་གནས་སྐོར་བ་དག་ལ་ཆེད་དུ་དར་གོས་ཚོང་ལམ་གྱི་གནས་སྐོར་ལམ་ཐིག་ཞིག་གསར་འཛུགས་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག